གསར་འགྱུར་ཡིག་ཚགས།
2025-01-31
སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་ས་ཁུལ་དུ་འཚམས་གཟིགས་གནང་སྐབས། བོད་ནི་ལོ་རྒྱུས་ཐོག་རང་བཙན་རྒྱལ་ཁབ་ཡིན་པའི་གནས་བབ་ཤེས་རྟོགས་དགོས་པ་དང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གཏམ་བཤད་གནང་འདུག
2025-01-31
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་དིང་རི་རྫོང་ཁོངས་སུ་ས་ཡོམ་གྱི་གོད་ཆག་ཚབས་ཆེན་བྱུང་སྟེ་མི་ཤི་རྐྱེན་ཆག་བྱུང་པར་ཡོ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཁྱབ་ཁོངས་ནས་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་ཚོགས་ཆུང་རིམ་པའི་ཚོགས་གཙོ་ Mounir Satouri ལགས་ཀྱི་མཚན་ཐོག་ནས་ཕྱི་ཟླ་ ༡ ཚེས་ ༢༩ ཉིན་སྦེལ་ཇིཡམ་བོད་ཀྱི་སྐུ་ཚབ་དོན་གཅོད་མཚན་འཁོད་ཕྱག་བྲིས་ཤིག་གནང་པའི་ནང་། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་ལ་དོ་ནན་གྱི་རྟོག་ཞིབ་དང་ནན་སྐུལ་ཞུ་མུས་ཡིན་སྐོར་འཁོད་འདུག
2025-01-31
ཉེ་ལམ་རྒྱ་ནག་གིས་ཉེས་ཆད་བཀལ་སའི་ཁོངས་ནས་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་སུ་དབྱིན་ཇིའི་རྒྱལ་པོ་ཅཱརལསི་ (Charles III) གསུམ་པའི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་འཁྱེར་ཐོབ་ཡོད་པ་མངའ་སྡེའི་འཐུས་མི་དང་ཚོགས་གཞོན་དཀར་པོ་ཆེ་བུ་འཁྲིད་ལགས་ཀྱི་མཚན་ཐོག་ནས་གནང་དགོས་པའི་གལ་གནད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འབྲེལ་བརྗོད་གནང་རྒྱུར།
2025-01-31
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བྱེས་ཀྱི་གདན་ལ་སེ་ར་བྱེས་སྨད་དང་། བཀྲིས་ལྷུན་པོ། རྒྱུད་སྨད་གྲྭ་ཚང་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག
2025-01-31
རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་ནི་བོད་ནང་གི་གཏེར་ཁ་སྔོག་འདོན་གྱི་ཁེ་ཕན་སོགས་ཀྱི་ཆེད་དུ་ཡིན་ཞེས་ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
2025-01-31
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཁོངས་དགུང་ལོ་ ༦༠ ནས་ ༧༩ བར་གྱི་བགྲེས་སོང་ ༣༥༠ ལ་མཇལ་ཁ་སྩལ་བ།
2025-01-31
རྒྱ་བལ་འབྲུག་གསུམ་གྱི་རྙིང་མའི་དགོན་སྡེ་ཉིས་བརྒྱ་ལྷག་ནས་དགེ་འདུན་པའི་ཞལ་གྲངས་ལྔ་སྟོང་ལྷག་ལྷན་ཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས ༣༦ པ་དབུ་འཛུགས་གནང་འདུག
2025-01-30
ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཐུན་མོང་གིས་ལྷོ་སོག་པོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་དུ་ལྷོ་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་ཞེས་པའི་ཁྲིམས་འཆར་ཞིག་གྲོས་ཚོགས་སུ་བཏོན་གནང་འདུག
2025-01-30
ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཅན་གྱི་མཚོ་གླིང་དོན་རྐྱེན་ལ་བརྟེན་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་གདོང་ཐུག་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་ཧྥེ་ལིབ་པིན་གཞུང་གིས་རྒྱ་ནག་གི་གསང་མྱུལ་བ་ལྔ་འཛིན་བཟུང་བྱས་འདུག
2025-01-30
བོད་མིའི་སྒྲིག་འཛུགས་ཀྱིས་བོད་དིང་རིའི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ལྷག་དཀར་སྒོར་གཞས་གནས་སྐབས་མཚམས་འཇོག་དགོས་པའི་འབོད་སྐུལ།
2025-01-30
ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་གནང་སྟེ།གྲོས་ཚོགས་འཐུས་མི་རྣམས་ཆིག་སྒྲིལ་གྱིས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆོད་སེམས་བརྟན་པོ་ཡིན་པར་གསུང་ཡོད་པ།
2025-01-30
བོད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བསྔོ་རྟེན་སྐྱབས་ཞུ་ཕུལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ ༢༠༢༢ ལོར་འཛིན་བཟུང་བྱས་པའི་བོད་མི་རྩོམ་པ་པོ་དཔལ་མགོན་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༡༡ ནང་གློད་གྲོལ་བཏང་ཡོད་ཀྱང་། འགྲོ་འདུག་སྤྱོད་གསུམ་གྱི་ཐད་ལྟ་སྲུང་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ནང་གི་མི་ལ་འབྲེལ་འདྲིས་བྱེད་མི་ཆོག་པའི་དམ་དྲག་འོག་གནས་ཡོད་འདུག
2025-01-30
རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞིའི་ཁོངས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་ལས་དོན་ལེགས་གྲུབ་ཟིན་འདུག
2025-01-29
འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་འཆམ་མཐུན་གོང་འཕེལ་གཏོང་ཆེད་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་དེང་རབས་ཀྱི་བསམ་བློ་གཉིས་ཟུང་སྦྲེལ་བྱེད་དགོས་པ་༧གོང་ས་མཆོག་གིས་བཀའ་བསྩལ་འདུག