བོད་མིའི་སྒྲིག་འཛུགས་ཀྱིས་བོད་དིང་རིའི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ལྷག་དཀར་སྒོར་གཞས་རེ་ཞིག་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་འདུག

2025.01.30
བོད་མིའི་སྒྲིག་འཛུགས་ཀྱིས་བོད་དིང་རིའི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ལྷག་དཀར་སྒོར་གཞས་རེ་ཞིག་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་འདུག བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས། ༢༠༢༥།༠༡།༣༠ ཉིན།
RFA

ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས། ཟླ་བ་འདིའི་ཚེས་ ༧ ཉིན་བོད་ཀྱི་དིང་རི་ས་ཁུལ་དུ་ས་ཡོམ་ཚད་རིམ་ ༧་༡ བྱུང་བའི་ཁྲོད་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཕོག་ཡོད་པས། ས་ཡོམ་གྱི་འཇིགས་པའི་ཁྲོད་དུ་གསོན་པོར་གནས་པ་རྣམ་ལ་གདུང་སེམས་བསྐྱེད་དང་། ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་མཚོན་ཆེད་དུ། གཟའ་འཁོར་རེའི་ལྷག་དཀར་སྐོར་བྲོ་འཁྲབ་མཚམས་བཞག་ཡོད་པ་བཞིན། མུ་མཐུད་ཞག་ཞེ་དགུ་མ་འཁོར་བར་སྐོར་བྲོ་མཚམས་འཇོག་ཡོང་བའི་འབོད་བསྐུལ་གསལ་སྒྲགས་སྐྱངས་འདུག

དེ་ཡང་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས། བོད་སྟོད་དིང་རི་གཙོ་བོར་འགྱུར་བའི་ཉེ་འཁོར་ས་ཁུལ་ཁག་གཅིག་ཏུ་ས་ཡོམ་ཚད་རིམ་༧།༡བྱུང་བར་བརྟེན། མི་རྒྱུ་ཕྱུགས་གསུམ་ལ་གོད་ཆག་ཆེན་པོ་ཕོག་ཡོད་པས། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་ངོས་ནས། ཕྱི་ཚེས་ ༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་མཆོད་འབུལ་སྨོན་ལམ་སྒོ་སྒྲིག་ཞུས་ཡོད་པ་དང་། དེའི་རྗེས་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་དགོན་སྡེ་གྲྭ་ཚང་ཁག་ལ་འཕྲལ་དུ་མཆོད་འབུལ་སྨོན་ལམ་ཚོགས་དགོས་པའི་གསལ་སྒྲགས་ཕུལ་ཡོད་པ་མ་ཟད། ཕྱི་ཚེས་ ༢༩ ཉིན་ཡོངས་ཁྱབ་གསལ་སྒྲགས་སྤེལ་བའི་ནང་ས་ཡོམ་གྱི་གནོད་ཚེ་ཕོག་མཁན་ཚོ་ལ་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད། བོད་མི་གནས་ཡུལ་འཛམ་གླིང་ས་ཕྱོགས་གང་སར་ལྷག་དཀར་སྐོར་བྲོ་རེ་ཞིག་མཚམས་བཞག་ཡོད་པ་བཞིན། མུ་མཐུད་ཞག་ཞེ་དགུ་མ་འཁོར་བར་དུ་སྒོར་གཞས་མ་འཁྲབ་རོགས་ཞེས་འབོད་སྐུལ་གསལ་སྒྲགས་ཕུལ་ཡོད་པ་རེད་ཅེས་གསུངས་བྱུང་།

དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་ཕྱི་ལོ་ ༢༠༢༣ ནས་བཟུང་བཞུགས་སྒར་གནས་བཞུགས་བོད་མི་རྣམས་ལོ་གསར་གྱིདགའ་སྤྲོ་མཉམ་རོལ་ཡོང་ཆེད། ལོ་གསར་ཚེས་གསུམ་ཉིན་བོད་ཀྱི་ཟློས་གར་དུ་དགའ་སྤྲོ་གླིང་ཁ་ཞེས་པ་གོ་སྒྲིག་ཞུ་སྲོལ་ཡོད་ནའང་། འདི་ལོར་བོད་དིང་རི་ཁུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་བས་བོད་མི་རྣམ་ལ་མྱ་ངན་དང་གདུང་སེམ་མཉམ་བསྐྱེད་མཚོན་ཕྱིར་འདི་ལོའི་དགའ་སྤྲོ་གླིང་ཁ་གོ་སྒྲིག་ཞུ་རྒྱུ་མིན་སྐོར་གསལ་སྒྲགས་སྤེལ་འདུག

རྩ་བའི་ཟླ་བ་ ༡ ཚེས་ ༧ ཉིན་བོད་དིང་རི་ས་ཁུལ་དུ་ས་ཡོམ་ཚད་རིམ་ ༧་༡ བྱུང་བའི་ཁྲོད་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་འཕྲད་ཡོད་པས། འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་རྣམས་ནས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་མ་ཟད། ས་གནས་འགའ་ཤས་སུ་འདི་ལོར་ལོ་གསར་སྲུང་བརྩི་གཟབ་རྒྱས་ཞུ་རྒྱུ་མིན་པའི་ཐག་གཅོད་གནང་འདུག

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎