གསར་འགྱུར་ཡིག་ཚགས།
2023-03-04
ཨ་མེ་རིའི་ཀའི་ནིའུ་ཡོག་གྲོང་ཁྱེར་དུ་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ངོ་རྒོལ་ལས་འགུལ་སྤེལ་སྐབས་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གིས་ཉེན་ཁ་ཆེན་པོ་བཟོ་བཞིན་པའི་ཐད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག
2023-03-03
ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་སྐབས་འདིར་རྒྱ་ནག་གཞུང་གིས་ཐེ་ཝན་མང་ཚོགས་ཁྲོད་བློ་འགུག་གི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་པ་ཐེ་ཝན་གྱི་བདེ་འཇགས་ཉམས་ཞིབ་སྡེ་ཚན་ཞིག་གིས་ཉེན་བརྡ་བཏང་འདུག
2023-03-03
རྒྱ་གར་གྱིས་དཔལ་འབྱོར་ཡར་ཐོན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐེངས་དང་པོར་གཙོ་སྐྱོང་གནང་བ་དེས་རྒྱལ་སྤྱིའི་ཐོག་རྒྱ་གར་གྱི་སྲིད་དོན་གོ་གནས་མཐོ་སར་སོན་པ་སྲིད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
2023-03-03
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བོད་དང་ཤིན་ཅང་སོགས་ཀྱི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་དྲང་བདེན་གྱི་ཕྱི་རྒྱལ་བ་ཚོ་རྒྱ་ནག་ནང་ཡོང་ན་དགའ་བསུ་ཡོད་ཚུལ་བཤད་འདུག
2023-03-03
བོད་ནང་རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་གསར་རྒྱག་བྱེད་བཞིན་པའི་ལས་གཞི་དེས་བོད་མིའི་ངོ་བོ་དང་བོད་ཀྱི་ཁོར་ཡུག་སོགས་ལ་དོ་ཕོག་ཤུགས་ཆེན་ཐེབས་རྒྱུ་ཡིན་པ་འབྲེལ་ཡོད་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་བྱུང་།
2023-03-02
ཁེ་ཎ་ཌའི་(British Columbia)་མངའ་སྡེའི་གྲོས་ཚོགས་ནང་ནང་པའི་རིག་གཞུང་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་འདུག
2023-03-02
བོད་དང་རྒྱ་གར་ས་མཚམས་གྱི་མཐའ་མཚམས་དམག་སྡེ་༢༤བའི་གོ་སྒྲིག་འོག་ལ་དྭགས་སུ་མཐོ་སྒང་གི་འཁྱགས་རོམ་སྟེང་འཛེག་རྒྱུའི་འགྲན་བསྡུར་གནང་འདུག
2023-03-02
ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཨ་རིའི་སྲིད་འཛིན་སྦཡེ་ཌེན་གཞུང་འཛིན་ལ་རྒྱ་ནག་གི་སྤྱི་ཚོགས་དྲྭ་རྒྱའི་མཉེན་ཆས་(TikTok)་ཁྲིམས་མཐུན་གྱིས་བཀག་སྡོམ་བྱེད་ཆོག་པའི་བཀའ་འཁྲོལ་གནང་ཡོད་འདུག
2023-03-02
སྤྱི་ཟླ་༣པའི་ཚེས་༢ཉིན་ནུབ་ཕྱོགས་པ་དང་རྒྱ་གར། བལ་བོ་དང་བོད་པ་སོགས་བསྒྲུབ་བྱ་བདུན་ཅུ་ལྷག་ཅིག་ལ་དགེ་ཚུལ་གྱི་སྡོམ་པ་གནང་ཡོད་འདུག
2023-03-01
ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁུལ་གྱི་ས་ཐིག་བརྒལ་ནས་རྒྱ་ནག་གི་མཁའ་དམག་གི་འཐབ་འཛིང་གནམ་གྲུ་འཕུར་བསྐྱོད་བྱས་ཡོད་པ་ཐེ་ཝན་གཞུང་གིས་བསྒྲགས་འདུག
2023-03-01
ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱིས་ཏོག་དབྱིབས་རིམས་ནད་དེ་བཞིན་ཐོག་མར་རྒྱ་ནག་གི་ཝུའུ་ཧན་སྨན་རྫས་བརྟག་དཔྱད་ཁང་ནས་ཕྱིལ་ཤོར་བ་ཞིབ་འཇུག་འགྲུབ་དོན་ནས་ཕལ་ཆེར་བཤད་ཐུབ་པ་བརྗོད་འདུག
2023-03-01
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀཱང་(Qin Gang)་རྒྱ་གར་དུ་འབྱོར་བར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སྐབས་ལས་འགུལ་བ་༡༥རྒྱ་གར་གྱི་སྐོར་སྲུང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
2023-03-01
ཕྱི་ལོ་༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་ས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་གསང་བའི་ཁྲིམས་བཤེར་བྱས་པའི་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ལ་དངུལ་བུན་སྔ་གཡར་དང་འབྲེལ་བའི་ངན་བྱུས་བཤམ་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།