ཁེ་ཎ་ཌའི་མངའ་སྡེ་ཞིག་གི་གྲོས་ཚོགས་ནང་ནང་པའི་རིག་གཞུང་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་འདུག

2023.03.02
ཁེ་ཎ་ཌའི་མངའ་སྡེ་ཞིག་གི་གྲོས་ཚོགས་ནང་ནང་པའི་རིག་གཞུང་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་འདུག ཁེ་ཎ་ཌའི་(British Columbia)་མངའ་སྡེའི་གྲོས་ཚོགས་ནང་ནང་པའི་རིག་གཞུང་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་རྗེས།
མཐུན་འགྱུར་པར་རིས།

ཁེ་ཎ་ཌའི་(British Columbia)་མངའ་སྡེའི་གྲོས་ཚོགས་སུ་སྤྱི་ལོ་༢༠༢༣ལོའི་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ་ནང་པའི་སྐུ་ཚབ་དང་ཆོས་ལུགས་འདྲ་མིན་བཅས་ཀྱི་དགེ་འདུན་པ་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་སྲུང་བརྩི་ཞུས་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་སུ་ཁྲིམས་ཡིག་བཏོན་མཁན་ནི་ཁེ་ཎ་ཌའི་(British Columbia)་མངའ་སྡེའི་གྲོང་ཁྱེར་(Richmond)་བྱང་ཕྱོགས་ཀྱི་ཁེ་ཎ་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་མངའ་སྡེའི་གྲོས་ཚོགས་འཐུས་མི་(Teresa Wat)་ལགས་ཡིན་པ་རེད། ཁོང་གིས་གསུངས་པ་ལྟར་ན། ནང་པའི་རིག་གཞུང་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཁྲིམས་གཞི་འདིས་མངའ་ཁུལ་འདིའི་ནང་རིག་གཞུང་སྣ་ཚོགས་དར་སྤེལ་གོ་རྟོགས་བརྒྱུད་སྤེལ་གཏིང་གཟབ་བྱེད་བཞིན་པའི་ཁྲོད་ནང་ཆོས་ཉམས་ལེན་པ་ཚོར་ནང་པའི་རིག་གཞུང་སྲུང་བརྩི་ཞུ་རྒྱུ་དང་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཞིག་ཡོང་རྒྱུ་ཡིན་པ་དང་། མངའ་སྡེ་དེའི་ནང་ནང་པ་སངས་རྒྱས་པའི་ཆོས་དད་པ་མི་གྲངས་ཁྲི་༩ལྷག་ཡོད་པ་རྣམས་ལ་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་བ་དང་། ནང་པའི་རིག་གཞུང་སྲུང་བརྩི་ཞུའི་གནས་ཚུལ་དེ་ནི་རྟེན་འབྲེལ་བཟང་པོ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག།

canada BC (1).jpg
དེའི་ཐད་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ་དངོས་སུ་ཕེབས་པ་མཚན་སྒྲོགས་རིན་པོ་ཆེ་ཡིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། འདི་ནི་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་གཉིས་བ་ཆོས་ལུགས་འཆམ་མཐུན་དང་འབྲེལ་བ་ཡོད་པས། ང་ཚོ་ཁེ་ཎ་ཌའི་ནང་གི་ཆོས་ཚོགས་མང་པོ་ལ་བཅར་ནས་ཆོས་ལུགས་འཆམ་མཐུན་ཆེད་ས་ག་ཟླ་བར་ཚང་མ་མཉམ་འཛོམས་ཀྱིས་ནང་པའི་རིག་གཞུང་སྲུང་བརྩི་ཞུ་ཐབས་ཡོད་བར་འབད་བརྩོན་བྱས་བ་བརྒྱུད་མངོན་འགྱུར་བྱུང་བ་དང་། དེ་ནས་རིམ་པས་ས་གནས་གྲོང་ཁྱེར་དང་། མངའ་སྡེ་གྲོས་ཚོགས་བཅས་སུ་ནང་པའི་རིག་གཞུང་སྲུང་བརྩིའི་ཆེད་ཁྲིམས་འཆར་ངོ་སྤྲོད་ཡོང་ཐབས་འབད་བརྩོན་བྱས་བ་བརྒྱུད་ད་ཐེངས་མངོན་འགྱུར་བྱུང་པ་གསུང་བྱུང་།
ད་རེས་ཁེ་ཎ་ཌའི་(British Columbia)་མངའ་སྡེའི་གྲོས་ཚོགས་སུ་ནང་པའི་རིག་གཞུང་གི་ཉིན་མོའི་ཁྲིམས་ཡིག་ངོ་སྤྲོད་གནང་ཡུལ་དུ། བོད་དང་། སི་རི་ལང་ཀ མཡན་མར། ཐེ་ལེན་ཌི། ཝི་ཏིཡེ་ནམ། ཉི་ཧོང་སོགས་ནས་ནང་པ་དང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་དགེ་འདུན་པ་སོགས་མང་པོ་མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ཀྱིས་གུ་ཡངས་ཆབ་སྲིད་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་དང་། གཞན་འཐུས་མི་རྣམས་དང་ལྷན་དུ་མཇལ་འཕྲད་ཞུས་རྗེས་དམིགས་བསལ་ནང་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་དེར་རྟེན་འབྲེལ་ཞུས་ཡོད་པ་རེད།


གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎