ཐེ་ཝན་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་མཁའ་དམག་གནམ་གྲུ་བཅུ་དགུ་འཕུར་བསྐྱོད་བྱས་འདུག

2023.03.01
ཐེ་ཝན་གྱི་མཁའ་དབྱིངས་སུ་རྒྱ་ནག་གི་མཁའ་དམག་གནམ་གྲུ་བཅུ་དགུ་འཕུར་བསྐྱོད་བྱས་འདུག ཐེ་ཝན་དང་རྒྱ་ནག་གི་དར་ཆ།
REUTERS

འདི་ཚེས་༡གཟའ་ལྷག་པའི་ཉིན་ཐེ་ཝན་ལྷོ་ནུབ་གྱི་སྲུང་སྐྱོབ་མངའ་ཁུལ་མཁའ་དབྱིངས་སུ་འདས་པའི་ཆུ་ཚོད་ཉེར་བཞིའི་རིང་། རྒྱ་ནག་གི་མཁའ་དམག་གནམ་གྲུ་(J-10)རྟགས་ཅན་༡༩ཙམ་འཕུར་བསྐྱོད་བྱས་པ་ཐེ་ཝན་གྱིས་ཤེས་རྟོག་བྱུང་ཡོད་པ་དང་། ཐེ་ཝན་གྱི་ངོས་ནས་དེར་རྟོག་ཞིབ་བྱེད་བཞིན་ཡོད་ལུགས་ཐེ་ཝན་གྱི་བདེ་སྲུང་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་བ་རོཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
ཡང་གོང་ཞུས་གནས་ཚུལ་ནང་། འདས་པའི་ལོ་ངོ་གསུམ་ཙམ་རིང་རྒྱ་ནག་གཞུང་གིས་ས་མཚོ་གནམ་གསུམ་ནས་ཐེ་ཝན་ལ་དམག་གིས་སྡིག་ར་ཡང་སེ་སྐུལ་གྱི་ཡོད་ཀྱང་། དེ་དག་རྒྱ་ནག་རང་ཉིད་ཀྱི་ས་སྲུང་ཆེད་ཡིན་ཚུལ་འགྲེལ་བཤད་རྒྱབ་པ་དང་ཆབས་ཅིག ཨ་རིས་གཙོས་རྒྱལ་ཁབ་གཞན་གྱིས་ཐེ་ཝན་གྱི་གནད་དོན་ཐད་ལ་ཐེ་བྱུས་བྱས་པ་ཡིན་ན་དེར་གཞིགས་པས་རྒྱ་ནག་གིས་གྲ་སྒྲིག་ཨང་སར་ཡོད་ཅེས་ཉེན་བརྡ་གཏོང་གི་ཡོད་པ་དང་མཉམ། ཉེ་བའི་དུས་སུ་རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་སོང་ཡོད། རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་འཐབ་འཛིང་གནམ་གྲུ་གཏོང་བའི་དམག་སྦྱོང་དེ་ཚོ་རྒྱུན་ལྡན་ལྟར་བརྩི་བཞིན་ཡོད། ལྷག་པར་དུ་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཅིག་ཅེས་པའི་ལངས་ཕྱོགས་འཛིན་གྱི་ཡོད་ལུགས་གསུངས་པ་དང་ཆབས་ཅིག རྒྱ་ནག་གིས་ཐེ་ཝན་གྱི་བདེ་འཇགས་ཐད་ཉེན་ཁ་བཟོས་པ་ཡིན་ན་ཨ་རིས་དེར་གཞིགས་པས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལུགས་ཀྱང་གསུངས་ཀྱི་ཡོད་པ་རེད།
ལྷག་པར་ཐེ་ཝན་གྱི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་མིན་ལ་མ་བལྟོས་བར། འདས་པའི་ལོའི་ནང་ཨ་རིའི་གཞུང་འབྲེལ་མི་སྣ་དང་། གྲོས་ཚོགས་འོག་མའི་སྐབས་དེའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་མཆོག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་འཚམས་གཟིགས་ཕེབས་པ་དེས་རྒྱ་ནག་ཁོང་ཁྲོ་ཤུགས་ཆེར་ལངས་ནས་ཐེ་ཝན་ཐོག་ཉེན་ཁ་བཟོ་བཞིན་ཡོད་པ་རེད།


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎