གསར་འགྱུར་ཡིག་ཚགས།
2022-12-15
རྒྱ་མི་སློབ་མ་ཞིག་གིས་རྒྱ་ནག་གི་དམངས་གཙོ་ལས་འགུལ་བ་རྒྱ་མི་བུད་མེད་ཞིག་ལ་སྡིགས་ར་སྐུལ་ནས་བརྙས་བཅོས་བྱས་རྐྱེན་ཨ་རིའི་བྷོ་སུ་ཊོན་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
2022-12-15
རྒྱ་ནག་ནང་དམ་དྲག་ལྷུག་གཏོང་མ་བྱས་པའི་ཡར་སྔོན་ནས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་གནས་སྟངས་ཏུ་ཕྱིན་འགོ་ཚུགས་ཡོད་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་བརྗོད་འདུག
2022-12-15
བཞུགས་སྒར་རྡ་རམ་སཱ་ལར་བོད་མི་དང་རྒྱ་གར་བས་མཉམ་དུ་ས་མཚམས་རྩོད་རྙོག་དང་འབྲེལ་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་གནང་འདུག
2022-12-15
ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་ནང་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་གྱི་གྲོས་འཆར་བཏོན་པར་སྤྱི་མོས་རྒྱབ་སྐྱོར་ཐོབ་ནས་གཏན་འབེབས་བྱུང་འདུག
2022-12-14
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་གསར་པར་རྒྱ་མི་ཞིག་བསྐོ་བཞག་བྱས་པ་དེས་རྒྱ་ནག་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་བཤད་པ་ཙམ་ལས་དོན་དངོས་བོད་མིར་རང་དབང་མེད་པ་གསལ་པོ་མཚོན་ཐུབ་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུང་བྱུང་།
2022-12-14
ཁེ་ཎ་ཌའི་དབུས་གྲོས་ཚོགས་འོག་མའི་ནང་བོད་རྒྱ་ཞི་མོལ་ཡོང་ཐབས་ཀྱི་གྲོས་འཆར་བཏོན་པ་དང་མཉམ་དུ་བོད་དོན་བགྲོ་གླེང་གནང་ཡོད་འདུག
2022-12-14
༧གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུར་ཐེ་ཝན་མི་མང་གི་རེ་བ་དང་དགའ་བསུ་ཡོད་པ་ལྡི་ལིར་ཡོད་པའི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་ཆབས་ཅིག་འགྲེལ་བརྗོད་གནང་བྱུང་།
2022-12-13
དབྱིན་ཇིའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་གནང་བཞིན་པ་དབྱིན་ཡུལ་ཕྱི་སྲིད་ལྷན་ཁང་གི་གསར་འགོད་འབྲེལ་མཐུད་ཁང་ནས་འདི་ག་རླུང་འཕྲིན་ཁང་ལ་ཡིག་ཐོག་བཀའ་ལན་གནང་བྱུང་།
2022-12-13
ང་ཚོར་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་རྒྱུར་སྤོབས་པ་འདུག་ཅེས་༧གོང་ས་མཆོག་གིས་གཏོང་ལེན་སློབ་གྲྭའི་དགེ་སློབ་ཡོངས་ལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
2022-12-13
བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་སྤྱི་ཁྱབ་པ་གསར་པར་རྒྱ་མི་གཉིས་བསྐོ་བཞག་བྱས་འདུག
2022-12-13
རྒྱ་གར་གྱི་མཐའ་མཚམས་ཁུལ་དུ་རྒྱ་ནག་གིས་བཙན་འཛུལ་རིགས་བྱས་ཚེ་ཕར་རྒོལ་དང་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་པ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་གསུངས་འདུག
2022-12-13
རྩོམ་པ་པོ་དང་དགེ་རྒན་གཅིག་ལྕོགས་གྲྭ་སྨོན་ལམ་རྒྱ་མཚོ་ཞུ་བ་ཞིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཕྱི་ལོ་༢༠༢༡ཟླ་༦ཚེས་༩ཉིན་འཛིན་བཟུང་བཙན་འཁྲིད་རྗེས་གར་སོང་ཆ་མེད་དུ་གྱུར་ཏེ། ད་ལྟའི་ཆར་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་མེད་གོ་ཐོས་ཙམ་ལས། ཁོང་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་སོགས། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པ།
2022-12-12
རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་ཀྱི་དམག་མིར་རྨས་སྐྱོན་བྱུང་ཡོད་འདུག