གཏོང་ལེན་སློབ་གྲྭས་༧གོང་ས་མཆོག་ལ་རྒྱ་གར་སྐད་ཀྱི་ཐོག་ནས་རྟགས་གསལ་སྤྱན་འབུལ་ཞུས་འདུག

2022.12.13
གཏོང་ལེན་སློབ་གྲྭས་༧གོང་ས་མཆོག་ལ་རྒྱ་གར་སྐད་ཀྱི་ཐོག་ནས་རྟགས་གསལ་སྤྱན་འབུལ་ཞུས་འདུག གཏོང་ལེན་སློབ་གྲྭས་༧གོང་ས་མཆོག་ལ་རྒྱ་གར་སྐད་ཀྱི་ཐོག་ནས་རྟགས་གསལ་སྤྱན་འབུལ་ཞུས་སྐབས། ༡༢།༡༣།༢༠༢༢
OHHDL

རྡ་སའི་གཏོང་ལེན་སློབ་གྲྭའི་དགེ་སློབ་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་བ་འདིའི་ཕྱི་ཚེས་༡༣ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་ཚོགས་ཁང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཏོང་ལེན་སློབ་གྲྭའི་དགེ་སློབ་ཡོངས་ལ་མཇལ་ཁ་བསྩལ་བ་དང་། སློབ་ཕྲུག་རྣམས་ཀྱིས་རྒྱ་གར་སྐད་ཀྱི་ཐོག་ནས་རྟགས་གསལ་སྤྱན་འབུལ་ཞུས་པར་དགྱེས་གཟིགས་དང་འབྲེལ་གཏོང་ལེན་སློབ་གྲྭའི་ལས་དོན་ཁག་ལ་བསྔགས་བརྗོད་གནང་ནས་བཀའ་བསྩལ་དོན། ང་ཚོས་ཆོས་རྭའི་ནང་དམ་བཅའ་འཇོག་སྐབས། རིག་པས་གཙོ་བོ་དཔྱད་པ་བྱས་ནས་ལུངས་ཙམ་གྱིས་ཁྱབ་པ་མ་བྱུང་ཞེས་བཤད་སྲོལ་ཡོད་པ་ལྟར། བོད་གངས་ཅན་གྱི་ལྗོངས་ལ་ཡོད་བསྡད་པའི་ནང་པ་སངས་རྒྱས་པའི་ཆོས་དང་ལྷག་པར་དུ་དཔལ་ནཱ་ལནྡཱའི་ཕྱག་ལེན་དེ་བཞིན་རིག་པས་དཔྱད་པ་བྱེད་པ་དེ་གཙོ་བོར་བཟུང་ནས། ལུངས་ཙམ་ལ་སྐྱབས་སུ་མཆིས་བཞིན་མེད་པ་དེ་ཞེ་དྲགས་རླབས་ཆེན་རེད། དེ་བས་དེང་སང་སེམས་ཁམས་རིག་པའི་སྐོར་དེ་ཚོ་ཚན་རིག་པ་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ཡོང་བཞིན་པ་དེ་ང་ཚོར་སྤོབས་པ་འདུག་ཅེས་བཀའ་བསྩལ་འདུག
ད་རེས་ཀྱི་མཇལ་ཁའི་ཐོག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཏོང་ལེན་སློབ་གྲྭའི་སློབ་ཕྲུག་རྣམས་ནས་མཚན་ཉིད་རིག་ལམ་རྒྱ་གར་སྐད་ཀྱི་ཐོག་ནས་རིག་ལམ་རྩོད་རྒྱུག་སྤྱན་འབུལ་ཞུས་པར་༧གོང་ས་མཆོག་ནས་ཐུགས་དགྱེས་འཚོར་ཆེན་པོའི་ངང་དགེ་སློབ་ཡོངས་ལ་བསྔགས་བརྗོད་མཛད་པར་གཏོང་ལེན་སློབ་གྲྭའི་ཚན་ཉིད་དགེ་རྒན་བསོན་ནམས་རྡོ་རྗེ་ལགས་སུ་ཚོར་བ་དམིགས་བསལ་ཞིག་བྱུང་བ་གསུངས་བྱུང་།

2022-12-13-Dharamsala-G08_A748760.jpg
གཏོང་ལེན་སློབ་གྲྭས་༧གོང་ས་མཆོག་གི་ཐུགས་སྐྱེད་དམ་བཅའ་བཞིའི་ནང་ནས་བཞི་པ་རྒྱ་གར་གྱི་གནའ་བོ་ཤེས་ཡོན་བསྐྱར་གསོའི་དགོངས་གཞི་ཕྲན་བུ་སྒྲུབ་སླད་གཏོང་ལེན་སློབ་གྲྭའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་ཁྲིད་དང་མཚན་ཉིད་རིག་ལམ་ཧིན་རྡུའི་སྐད་ཐོག་ནས་སློབ་ཁྲིད་བྱེད་འགོ་ཚུགས་ཡོད་པ་དེ་མཆོད་པའི་ཚུལ་དུ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་བ་ཡིན་པ་གཏོང་ལེན་ཚོགས་པའི་ཁྱོན་ཡོངས་འབྲེལ་མཐུད་པ་ཚེ་རིང་བསྟན་འཛིན་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པའི་གཏོང་ལེན་སློབ་གྲྭ་དེ་བཞིན་ཐོག་མར་ཕྱི་ལོ་ ༢༠༠༤ལོར་རྒན་བློ་བཟང་འཇམ་དབྱངས་ལགས་ཀྱིས་ཡུལ་མི་དབུལ་ཕོངས་ཉམས་ཐག་མང་པོའི་འཚོ་བའི་ངལ་སེལ་དང་། འཕྲོད་བསྟེན། ཤེས་ཡོན་བཅས་ཀྱི་ཐོག་ལ་ལས་འགུལ་སྤེལ་ཆེད་འཛུགས་པ་ཞིག་རེད་འདུག་ལ། གཏོང་ལེན་སློབ་གྲྭའི་ནང་དེང་དུས་ཤེས་ཡོན་དང་མཉམ་དུ་༧གོང་ས་མཆོག་གི་དགོངས་གཞི་སཱི་ཤེས་ཡོན་དང་འཇིག་རྟེན་ཀུན་ཁྱབ་ཀྱི་བཟང་སྤྱོད་སློབ་ཁྲིད་གནང་གི་ཡོད་པ་མ་ཟད། སློབ་གྲྭ་གཞན་ཁག་གཅིག་ལ་འང་དར་སྤེལ་གཏོང་བཞིན་ཡོད་པ་དང་། སློབ་གྲྭ་འདིར་༧གོང་ས་མཆོག་དང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མུས་ཡིན་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎