ལྡི་ལིར་ཡོད་པའི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་ཚོས་༧གོང་ས་མཆོག་གི་མཇལ་ཁ་ཞུས་འདུག

2022.12.14
ལྡི་ལིར་ཡོད་པའི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་ཚོས་༧གོང་ས་མཆོག་གི་མཇལ་ཁ་ཞུས་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༡༢།༠༩།༢༠༢༢
OHHDL

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་ཡོད་པའི་ཐེ་ཝན་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས། སྤྱི་ཟླ་༡༢པའི་ཚེས་༡༤ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། ཁོང་ཚོའི་ཚོགས་ཆུང་གི་སྐུ་ཚབ་བྱས་ཏེ་ལྡི་ལིར་ཡོད་པའི་ཐེ་ཝན་ཚོང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Cannie Min)་ལགས་ཀྱིས། ༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་རྒྱུར་ཐེ་ཝན་མི་མང་གི་ངོས་ནས་རེ་བ་དང་དགའ་བསུ་ཆེན་པོ་ཡོད་པ་དང་། ད་རེས་ང་ཚོས་༧གོང་ས་མཆོག་ལ་མཇལ་ཏེ་ང་ཚོ་ཧ་ཅང་གི་དགའ་སྤྲོ་ཆེན་པོ་བྱུང་བ་མ་ཟད། ང་ཚོའི་རེ་བར་རྗེས་ཕྱོགས་༧གོང་ས་མཆོག་ཐེ་ཝན་དུ་ཕེབས་རྒྱུའི་བསྐལ་བཟང་བྱུང་ན། ཐེ་ཝན་མི་མང་གི་ངོས་ནས་རེ་བ་དང་དགའ་བསུ་ཧ་ཅང་ཆེན་པོ་ཡོད་པ་དང་། ང་ཚོ་ཕལ་ཆེ་བས་ཐེ་ཝན་དང་རྒྱ་གར་བར་ཚོང་ལས་ཀྱི་འགན་ཁུར་ལེན་གྱི་ཡོད་ཐོག ང་ཚོའི་ནང་མང་པོ་ཞིག་ནི་ནང་པའི་ཆོས་ལ་དད་པ་བྱེད་མཁན་ཡིན་པར་བརྟེན། ༧གོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གྱི་ཐུགས་རེ་དང་བསྐལ་བཟང་ཡོང་ཆོག་གི་རེད་ཅེས་དང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཀྱི་དབང་གིས་དུས་ཡུན་རིང་བོར་༧གོང་ས་མཆོག་མཇལ་རྒྱུ་མ་བྱུང་བ་དང་། ད་ཆ་ང་ཚོ་ཚང་མ་ཚུར་རྒྱ་གར་དུ་ཕྱིར་ལོག་གིས་མཉམ་དུ་༧གོང་ས་མཆོག་ལ་མཇལ་རྒྱུའི་བསྐལ་བཟང་བྱུང་སྐབས་འདིར། ༧གོང་ས་མཆོག་གིས་ང་ཚོར་ནང་ཆོས་དང་འབྲེལ་བའི་བསླབ་བྱ་དང་། བྱམས་བརྩེའི་ཉམས་ལེན་སོགས་བཀའ་སྩལ་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་ནི། སྤྱི་ལོ་༢༠༡༣ལོར་འགོ་བཙུགས་པ་ཞིག་དང་། ལྷན་ཚོགས་དེ་ནི་རྒྱ་གར་མིམ་བྷེ་གྲོང་ཁྱེར་ནང་གི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་དང་། ལྡི་ལི་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་བཅས། རྒྱ་གར་ནང་གི་ཐེ་ཝན་གྱི་ཚོང་པའི་ལྷན་ཚོགས་གསུམ་མཉམ་རུབ་གྱིས་གྲུབ་པ་ཞིག་ཡིན་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎