ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་རྒྱ་ནག་མི་སེར་རྒྱལ་ཁབ་བཙུགས་པའི་རྒྱལ་སྟོན་གསོལ་སྟོན་ལ་མཉམ་ཞུགས་གནང་འདུག

2024.10.14
ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་རྒྱ་ནག་མི་སེར་རྒྱལ་ཁབ་བཙུགས་པའི་རྒྱལ་སྟོན་གསོལ་སྟོན་ལ་མཉམ་ཞུགས་གནང་འདུག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་རྒྱ་ནག་མི་སེར་རྒྱལ་ཁབ་བཙུགས་པའི་རྒྱལ་སྟོན་གསོལ་སྟོན་ལ་མཉམ་ཞུགས་གནང་སྐབས། ༡༠།༡༠།༢༠༢༤
CTA

ཕྱི་ཟླ་༡༠བའི་ཚེས་༡༠ཉིན་གྱི་ཕྱི་དྲོ་ཐེ་པེ་གཞུང་མགྲོན་ཁང་དུ་ཐེ་ཝན་ཕྱི་སྲིད་ལས་ཁུངས་ནས་རྒྱ་ནག་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༡༡༣འཁོར་བའི་རྒྱལ་སྟོན་གསོལ་ཚིགས་བཤམས་ཡོད་པ་དང་། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་(Lin Chia-Lung)་ལགས་དང་ལྕམ་རྣམ་གཉིས་ཀྱིས་གཞུང་འབྲེལ་གདན་ཞུས་གནང་བ་ལྟར། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་རྣམ་གཉིས་གསོལ་སྟོན་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་མ་ཟད། གནད་ཡོད་མི་སྣ་མང་པོའི་མཉམ་དུ་བོད་དོན་དང་འབྲེལ་བའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས་ཕན་ཚུན་འབྲེལ་མཐུད་གནང་ཡོད་པ་རེད། མཛད་སྒོའི་སྐུ་མགྲོན་གཙོ་བོ་(Tuvalu)་མཚོ་གླིང་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་(FELETI TEO)་ལགས་དང་ཁོང་གི་སྐུ་ཟླ་རྣམ་གཉིས་དང་། ཐེ་ཝན་གྱི་སྲིད་འཛིན་(Lai Ching De)་ལགས་གཙོས་པའི་ཐེ་ཝན་གཞུང་གི་དཔོན་རིགས་རྣམ་པ། དེ་བཞིན་ཐེ་ཝན་གྱི་གྲོས་ཚོགས་ཚོགས་གཙོ་གཞོན་པ་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག ཐེ་ཝན་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཨ་རི་དང་ཡོ་རོབ། ཁེ་ཎ་ཌ་གཙོས་པའི་གཞུང་ཚབ་ཁག མཁས་དབང་དང་གནད་ཡོད་མི་སྣ་སོགས་ཁྱོན་སྐུ་མགྲོན་སུམ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་འདུག གསོལ་སྟོན་མཛད་སྒོའི་ཐོག་ཐེ་ཝན་གཞུང་ནས་སྐུ་མགྲོན་རྣམ་པར་ཐེ་ཝན་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་སྲོལ་རྒྱུན་ཞལ་ལག་འདེགས་འབུལ་དང་རོལ་དབྱངས་སྤྱན་འབུལ་གནང་བ་མ་ཟད། གཙོ་བོ་སྐུ་མགྲོན་རྣམ་པ་ཕན་ཚུན་ངོ་ཤེས་གྲོགས་འདྲིས་ཡོང་ཐབས་ཀྱི་རང་དབང་གླེང་མོལ་གྱི་སྡིངས་ཆ་ཞིག་སྐྲུན་ཡོད་པ་རེད།
དེ་མིན་ཕྱི་ཟླ་༡༠ཚེས་༤ཉིན་ཐེ་ཝན་དུ་རྟེན་གཞི་བྱས་པའི་ཇར་མན་གཞུང་ཚབ་ཁང་ནས་ཤར་ནུབ་ཇར་མ་ནི་གཅིག་གྱུར་ཆགས་པའི་གཞུང་སྟོན་མཛད་སྒོ་ཞིག་གོ་སྒྲིག་གནང་བར་གདན་ཞུ་གནང་བ་ལྟར། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་མཉམ་ཞུགས་ཀྱིས། འབྲེལ་ཡོད་ཐེ་ཝན་གཞུང་གི་གནད་ཡོད་མི་སྣ་དང་། ཕྱི་རྒྱལ་ཁག་གི་གཞུང་ཚབ་དང་མཁས་དབང་སོགས་མི་སྣ་མང་པོར་མཇལ་འཕྲད་ཀྱིས་ཕན་ཚུན་ངོ་སྤྲོད་དང་འབྲེལ་བ་བཙུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཕྱི་རྒྱལ་གཞུང་ཚབ་དང་གཞུང་ཚབ་གཞོན་པ་ཁག་ཅིག་ལའང་ཟུར་མཇལ་གྱིས་བོད་དོན་ངོ་སྤྲོད་དང་བཅས་ཕྱི་སྲིད་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་གནང་ཡོད་པ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་འདུག


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎