ཐེ་ཝན་གྲོས་ཚོགས་མདུན་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་བོད་དོན་བསྒྲགས་གཏམ་སྤེལ་འདུག

2024.03.08
ཐེ་ཝན་གྲོས་ཚོགས་མདུན་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་བོད་དོན་བསྒྲགས་གཏམ་སྤེལ་འདུག ཐེ་ཝན་གྲོས་ཚོགས་མདུན་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་བོད་དོན་བསྒྲགས་གཏམ་སྤེལ་སྐབས། ༠༣།༠༨།༢༠༢༤
Human Rights Network for Tibet and Taiwan

འདི་ཚེས་༨ཉིན་ཐེ་ཝན་གྲོས་ཚོགས་ཀྱི་མདུན་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་སྤེལ་ནས་གསུམ་བཅུའི་དུས་དྲན་གྱི་སྐོར་ངོ་སྤྲོད་གནང་ཡོད་པ་དང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་(Human Rights Network for Tibet and Taiwan)་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཐེ་ཝན་གྲོས་ཚོགས་ཀྱི་མདུན་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གསར་འགོད་བསྒྲགས་གཏམ་སྤེལ་སྐབས། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Hong Shen Han)་ལགས་དང་། འཐུས་མི་ལྕམ་(Wu Pei Yi)་གཉིས་ཆེད་ཕེབས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་པ་དང་། ཐེ་ཝན་གཞུང་དང་། གཞུང་འབྲེལ་མིན་པའི་ཚོགས་པ། ཐེ་ཝན་གྲོས་ཚོགས་འཐུས་མི། ཐེ་ཝན་མི་དམངས་བཅས་ཀྱིས་བོད་དོན་བདེན་མཐའ་མ་སེལ་གྱི་བར་དུ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་ཞུ་དགོས་ཀྱི་རེད་ཅེས་གསུངས་ཡོད་འདུག

Taiwan 10th March (2).jpg
ད་རེས་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་བསྒྲགས་གཏམ་དེ་བཞིན་ཐེ་ཝན་བོད་རིགས་ཚོགས་པ་དང་། ཐེ་ཝན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཕེབས་ཏེ་རྒྱ་ནག་གི་དབང་བསྒྱུར་འོག་གི་ད་ལྟའི་བོད་ནང་གི་གནས་སྟངས་ཁག་ངོ་སྤྲོད་དང་། མི་ལོ་༦༥རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་བོད་དོན་བདེན་པའི་འཐབ་རྩོད་གནང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་བ་མ་ཟད། བོད་དོན་རྒྱབ་སྐྱོར་གནང་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འཐུས་མི་ཁག་གིས་ཀྱང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་འདུག
ཐེ་ཝན་ནང་ལོ་ལྟར་སྤེལ་བཞིན་ཡོད་པའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་སླེབས་ལ་ཉེ་བ་དང་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་འདི་ཚེས་༡༠གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་དང་མཉམ་མཇུག་སྒྲིལ་གྱི་ཡོད་པ་རེད།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག ཀླུ་འབུམ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎