ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

2024.02.14
ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་འདུག ཐེ་ཝན་ནང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། ༠༢།༡༤།༢༠༢༤
Human Rights Network for Tibet and Taiwan

དེ་ཡང་ཐེ་ཝན་ནང་ལོ་ལྟར་སྤེལ་བཞིན་ཡོད་པའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་སླེབས་ལ་ཉེ་བ་དང་བོད་རང་དབང་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་བཞིན་འདི་ཚེས་༡༤ལྷག་དཀར་ཉིན་ཐེ་ཝན་གྲོས་ཚོགས་ཀྱི་མདུན་ནས་གསར་འགོད་ལྷན་ཚོགས་དང་མཉམ་དབུ་འཛུགས་གནང་འདུག
ལས་འགུལ་དེ་བཞིན་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་(Human Rights Network for Tibet and Taiwan)་གིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། འབྲེལ་མཐུད་ཁང་དེའི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལས་འགུལ་དེ་བཞིན་དེ་སྔ་༢༠༡༡་ལོར་ཁོ་རང་གིས་ཐེ་ཝན་ནང་འགོ་འཛུགས་གནང་བ་ཞིག་ཡིན་པ་དང་། རིམ་པས་༢༠༡༦ལོར་ཐེ་ཝན་ནང་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་དེབ་སྐྱེལ་ཟིན་རྗེས། འབྲེལ་མཐུད་ཁང་དེའི་ངོས་ནས་ཐེ་ཝན་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་རུབ་ཀྱིས་ལས་འགུལ་དེ་ལོ་ལྟར་གསུམ་བཅུའི་དུས་དྲན་སྔོན་ནས་གསུམ་བཅུའི་དུས་དྲན་བར་གཟའ་ལྷག་པ་ནམ་ཡིན་ལ་སྤེལ་བཞིན་པ་དང་། དེ་ཡང་རྒྱལ་ས་ཐེ་པེ་ཙམ་མ་ཡིན་པར་ཀོ་ཤོན་དང་། ཐེ་ཙོན་བཅས་གྲོང་ཁྱེར་ཆེ་ཁག་གསུམ་ནང་སྤེལ་བཞིན་པ་རེད།

Cycling for a Free Tibet taiwan (1).jpg
འདི་ལོའི་ལས་འགུལ་ནང་ཐེ་ཝན་ནང་གི་བོད་དོན་རྒྱབ་སྐྱོར་བ་ཉི་ཤུ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། ཁོང་ཚོས་རྐང་འཁོར་སྐོར་བསྐྱོད་དང་མཉམ་བོད་དོན་དྲིལ་བསྒྲགས་གནང་ཞོར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་ཐེ་ཝན་གྱི་མི་དམངས་མང་ཙམ་མཉམ་ཞུགས་ཐུབ་པའི་རེ་བ་བྱེད་བཞིན་པ་རེད།
རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དབུ་འཛུགས་མ་གནང་གོང་ཐེ་ཝན་གྲོས་ཚོགས་ཀྱི་མདུན་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོགས་གནང་སྐབས། ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་དང་རྐང་འཁོར་སྐོར་བསྐྱོད་ནང་མཉམ་ཞུགས་གནང་མཁན་ཁག་ཅིག་གིས་བོད་ནང་གི་གནས་སྟངས་ཐོག་ནས་གཏམ་བཤད་གནང་ཡོད་པ་མ་ཟད། བོད་ཀྱི་བདག་པོ་བོད་མི་ཡིན། བོད་ལ་རང་དབང་དགོས་པ་སོགས་ཀྱི་སྐད་འབོད་གནང་འདུག


གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎