གསར་འགྱུར་ཡིག་ཚགས།
2025-03-10
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་ཕྱིར་དྲན་མཛད་པ་དང་སྦྲགས། ནོར་བུ་གླིང་ཁ་ནས་བྲོས་བྱོལ་ལ་ཕེབས་སྐབས་ཐུགས་སྐྱོ་པོ་བྱུང་ཞེས་བཀའ་སྩལ་འདུག
2025-03-10
ཟླ་ ༣ པའི་ཚེས་ ༡༠ ཉིན་མོ་དེ་བཞིན་བོད་མི་རང་དབང་སྒེར་ལངས་ཉིན་པོ་ཡིན་པ་བཞིན། ཐའི་ཝན་དང་། ཨའོསི་ཊརེ་ལི་ཡའི་རྒྱལ་ས་ཁེན་བྷེ་ར་ (Canberra) དང་གྲོང་ཁྱེར་སིཌ་ནི་ (Sydney) སོགས་སུ་ས་གནས་སོ་སོའི་སྐུ་ཚབ་དོན་ཁང་དང་། བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་གུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འདུག
2025-03-10
དེ་རིང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་ཐེངས་ ༦༦ འཛམ་གླིང་ཡུལ་གྲུ་གང་སར་བོད་མི་དང་། རྒྱབ་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སྲུང་བརྩི་ཞུ་གི་ཡོད་པ་བཞིན། ཨའོསི་ཊརེ་ལི་ཡ་དང་རྒྱ་གར་ནང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གཞུང་འབྲེལ་མཛད་སྒོ་དང་། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད།
2025-03-08
བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་བར་ཨའོསི་ཊརེ་ལི་ཡ་ལྟ་བུའི་རྒྱལ་ཁབ་ཚོའི་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་བྱེད་དགོས་གལ་ཆེ་བ་ཡིན་སྐོར་ཨའོསི་ཊརེ་ལི་ཡའི་འགྲོ་བ་མིའི་ཐོབ་ལྟ་ཞིབ་ཚོགས་པའི་འགན་འཛིན་གྱིས་དཔྱད་རྩོམ་སྤེལ་འདུག
2025-03-08
ལོ་རེའི་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་ཡི་ཡོད་པ་བཞིན། ཉིན་མོ་དེར་འཛམ་གླིང་ནང་གི་བྱས་རྗེས་ཅན་གྱི་བུད་མེད་རྣམས་ལ་ཆེ་སྟོད་དྲན་གསོ་དང་། བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་གོང་སྤེལ་སོགས་ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡོང་རྒྱུའི་ཆེད་གོ་རྟོགས་སྤེལ་བཞིན་ཡོད་པ་ལྟར། བོད་རིགས་བུ་མོ་གསུམ་གྱི་རང་རྐྱ་འཕེར་བའི་ལས་རིགས་གཉེར་བཞིན་པའི་ལོ་རྒྱུས་གསལ་སྟོན་ཞུས་ཡོད།
2025-03-08
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བགྲེས་པ་དང་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚོར་མཇལ་ཁ་སྩལ་བ་དང་འབྲེལ། ཚེ་རབས་མང་པོའི་ལས་དང་སྨོན་ལམ་གྱིས་ཞབས་ཕྱི་ཞུ་རྒྱུའི་བསྐལ་བ་བྱུང་བ་ཡོད་པ་བཞིན། འབྱུང་འགྱུར་ཡང་ཚེ་རབས་མང་པོར་༸རྒྱལ་བའི་ཞབས་ཕྱི་སྒྲུབ་ཐུབ་པའི་སྨོན་ལམ་ཡོད་ཅེས་བཀའ་སྩལ་འདུག
2025-03-08
བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་མཆོག་ནས་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་གཞིས་ལུས་རྒྱ་ཆེའི་མི་མང་སེམས་ལ་དྲན་པའི་སྒོ་ནས་མི་རིགས་ཀྱི་ལས་འགན་སྒྲུབ་ཐབས་ལ་འབད་དགོས་པ་གསུངས།
2025-03-07
ཁེ་ཎ་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་པ་ཝི་ར་ནི་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་པར་དགའ་ཚོར་ཆེན་པོ་བྱུང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལན་འདེབས་གནང་བྱུང་།
2025-03-07
འཛམ་གླིང་གི་ཡུལ་འདྲ་མིན་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩིའི་ཆེད་ས་གནས་གང་སར་ལས་འགུལ་སྣ་ཚོགས་སྤེལ་རྒྱུར་གྲ་སྒྲིག་གནང་བཞིན་འདུག
2025-03-07
ཨ་རིའི་གྲོས་ཚོགས་འོག་མའི་དཔལ་འབྱོར་ལས་དོན་ཚོགས་ཆུང་གིས་ཐེ་ཝན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་རྒྱུའི་ཁྲིམས་འཆར་བཏོན་པར་རྒྱབ་སྐྱོར་ཐོབ་འདུག
2025-03-07
ངག་དབང་ལྷ་སྒྲོན་ལགས་སུ་ལྡི་ལིའི་གཙུག་ལག་སློབ་གཉེར་ཁང་ནས་ལུས་རྩལ་སློབ་སྦྱོང་གི་གསེར་གྱི་རྟགས་མ་ཐོབ་པར་ཤེས་རིག་ལས་ཁུངས་ཀྱིས་དགའ་བསུའི་འཚམས་འདྲི་གནང་འདུག
2025-03-07
ཕྱི་ཟླ་ ༣ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་དཔར་སྐྲུན་དབུ་འབྱེད་གནང་འཆར་ཡོད་པའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་“མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ།” ཞེས་པའི་ཕྱག་དེབ་ཀྱི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་ཚོད་འབྱུང་ནའང་། བོད་མི་རིགས་ཀྱི་འཐབ་རྩོད་དེ་དམིགས་ཡུལ་ལྟར་མུ་འཐུད་གནས་ངེས་ཡིན་པ་བཀའ་གནང་ཡོད་པ། ཨ་རིའི་ཝ་ཤིན་ཏོན་ཆ་འཕྲིན་སྟེང་དཔེ་དེབ་ཀྱི་སྙིང་དོན་ངོ་སྤྲོད་དང་འབྲེལ་གནས་ཚུལ་སྤེལ་བའི་ནང་གསལ་འདུག
2025-03-07
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབྲས་ནད་ནད་པ་མཚོན་པའི་ཕྱི་ནང་གི་དད་ལྡན་པ་གསུམ་བརྒྱ་བརྒལ་བར་མཇལ་ཁ་སྩལ་བ་སྦྲགས། དད་ལྡན་ཆོས་ཞུ་བ་ཚོས་མགོན་པོ་མཆོག་གི་མཇལ་ཁ་ཐོབ་པའི་རྗེས་བློ་ཆོས་སུ་འཇུག་ཐབས་ལ་འབད་རྩོལ་གནང་རྒྱུ་ཡིན་པ་གསུང་བཞིན་འདུག
2025-03-07
འདི་ལོ་ཡང་རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་བོད་ཀྱི་འཐུས་མིའི་ཟུར་ཚོགས་སྟེང་ཏཱ་ལའི་ཁ་བྲལ་ལ་འཐབ་རྩོད་དང་བརྟན་བརླིང་ལ་ཤུགས་སྣོན་རྒྱུ་ཡིན་པ་བོད་རང་སྐྱོར་ལྗོངས་ཀྱི་འཐུས་མི་ཚོས་འགྲེལ་བརྗོད་བྱས་འདུག