གསར་འགྱུར་ཡིག་ཚགས།
2025-01-06
ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་བོད་ཀྱི་གཞིས་ཀ་རྩེ་ཁུལ་དིང་རི་རྫོང་དུ་ས་ཡོམ་འགུལ་ཚད་ ༧.༡ བརྒྱབ་ཡོད་སྐོར་ཨ་རིའི་ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ (USGS) ཀྱིས་བསྒྲགས་འདུག་ཅིང་། མི་ ༡༢༦ རྐྱེན་འདས་དང་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་ ༣༣༧ ལ་ཕར་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཐོག་བསྒྲགས་པ་འདི་ནི་ཕྱི་ཚེས་ ༧ ཉིན་ས་ཡོམ་གྱི་དོན་རྐྱེན་བྱུང་རྗེས་རྨས་སྐྱོན་ཕོག་པའི་མི་གྲངས་ ༡༨༨ བསྒྲགས་པའི་རྗེས་སུ་གྲངས་འབོར་ཕར་བའི་སྐོར་གཞུང་འབྲེལ་གྱིས་ཕྱི་བསྒྲགས་བྱས་པ་ཐོག་མར་དེ་ཆགས་ཡོད་པ་རེད་་ལ། ས་ཡོམ་གྱིས་རྐྱེན་གྱིས་ཁང་པ་སྟོང་ཕྲག་མང་པོར་གནོད་སྐྱོན་བྱུང་ཡོད་པ་རེད། བོད་ནང་ནས་བོད་མི་ཁག་ཅིག་གིས་གསུངས་པར་གཞིགས་ན། ས་ཡོམ་གོད་ཆག་བྱུང་ཡུལ་དུ་མྱུར་སྐྱོབ་ཆེད་བསྐྱོད་དེ་མི་ཤི་རྨས་ཀྱི་གནས་བབ་དངོས་སུ་མཐོང་དུས་ཉུང་མཐར་མི་གྲངས་ ༢༠༠ རྐྱེན་འདས་སུ་གྱུར་ཟིན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་ཕྱི་ཚེས་ ༨ ཉིན་བརྗོད་ཡོད་ལ། ་ས་ཡོམ་དང་འབྲེལ་བའི་དྲྭ་ཐོག་གནས་ཚུལ་བཀོད་སྤེལ་བྱེད་མཁན་ ༢༡ ལ་རྒྱ་གཞུང་གིས་ཉེས་ཆད་བཀལ་ཡོད་པ་ཕྱི་ཚེས་ ༡༥ ཉིན་བསྒྲགས་འདུག
2025-01-04
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡ ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་༧ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། སྐབས་དེར་རྒྱ་གར་གྱི་གནད་ཡོད་མི་སྣ་དང་ས་གནས་བོད་མི་མང་ཚོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་གནང་སོང་།
2025-01-03
རྒྱ་ནག་གཞུང་གིས་བོད་མི་ལོ་ན་སོན་པ་ཚོ་དམག་བསྡུའི་ནང་མ་ཞུགས་ཚེ་མིང་ཐོ་ནག་པོའི་ནང་བཅུག་སྟེ་ཐོབ་ཐང་གང་ཡང་མེད་པ་བཟོ་རྒྱུ་ཡིན་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག
2025-01-02
ཆུ་བཞི་སྒང་དྲུག་ཅེས་པའི་བཙན་བྱོལ་ནང་དབྱིན་སྐད་ཐོག་བཟོ་བསྐྲུན་བྱས་པའི་བོད་ཀྱི་གློག་བརྙན་དེ་བཞིན་རོ་ཊར་ཌེམ (Rotterdam) རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༥༤ ནང་འདེམས་སྒྲུག་བྱས་པའི་ཁོངས་སུ་ཚུད་པའི་གསལ་བསྒྲགས་བྱས་འདུག
2025-01-02
ཞིས་ཙང་ཞེས་པར་རྒྱ་ནག་དམར་ཤོག་ཚོགས་པ་རང་ངོས་ནས་གོ་བ་གང་འདྲ་ཞིག་ལེན་གྱིན་ཡོད་པ།
2025-01-02
བོད་ནང་དུ་ལས་དོན་ཀུན་གྱི་རྩ་བ་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་དགོས་སྐོར། ལྷ་སའི་དམར་ཤོག་དྲུང་ཆེས་བརྗོད་འདུག
2025-01-01
ཝང་ཅུན་ཀྲེང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་ལྷ་ལྡན་གཙུག་ལག་ཁང་དུ་བཤད་པ་ནི།བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་འཁྱོག་བཤད་ཡིན་པ།འབུམ་རམས་པ་རྒྱལ་ལོ་ལགས་ནས་གསུངས་ཀྱི་འདུག
2024-12-31
ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ནང་དྲག་ཤུགས་དང་བཙན་ཐབས་ཁོ་ནས་དམ་དྲག་བྱས་ཡོད་པ་བཞིན་མ་འོངས་པར་མུ་མཐུད་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
2024-12-31
རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་གུང་གསེང་སྐབས་ཕྲུ་གུར་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་གྱོན་ཆོས་ཀྱང་གྱོན་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག
2024-12-30
བོད་མཐོ་སྒང་དུ་ཚ་ཆུ་རྒྱས་བཞིན་པ་སོགས་ཀྱི་གནས་སྟངས་འོག་མཚོ་དང་མཚེའུ་ནང་གི་སྲོག་ཆགས་དང་སྐྱེ་ལྡན་ཕྲ་རབ་དག་འཚོ་གནས་མི་ཐུབ་པའི་དཀའ་ངལ་བྱུང་གི་ཡོད་པའི་སྐོར་རྒྱ་ནག་གི་ཁོར་ཡུག་ཉམས་ཞིབ་པ་མང་པོས་མཉམ་འདུས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་དོན་ནང་གསལ་སྟོན་བྱས་འདུག
2024-12-30
རྒྱ་ནག་གཞུང་གིས་བོད་ནང་ཤིང་སྡོང་མང་པོ་བཙུགས་པ་བསྒྲགས་ཡོད་ཀྱང་དོན་དངོས་ལས་གཞི་འདྲ་མིན་སྤེལ་བའི་འོག་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཐེབས་བཞིན་པའི་གནས་ཚུལ་ཡང་ཡང་བྱུང་བཞིན་ཡོད་པ་རེད།
2024-12-27
འདས་ལོ་གཅིག་གི་ནང་བོད་ནང་དུ་གནས་ཚུལ་དོ་སྣང་བྱེད་དགོས་པ་མང་པོ་བྱུང་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་མི་རིགས་རྩ་མེད་བཟོ་གཞིའི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་ཁྲིམས་ཡིག་ལག་བསྟར་བྱེད་པ་དང་། དགོན་སྡེ་ཁག་ཏུ་ཡོད་པའི་བོད་ཡིག་སློབ་ཁྲིད་བྱེད་སའི་སློབ་གྲྭ་ཁག་སྒོ་བརྒྱབ་པ་ཁག་ནི་དོ་སྣང་ཆེན་པོ་བྱེད་གཞིར་གྱུར་ཡོད་པ་རེད།
2024-12-27
བོད་ཁམས་དཀར་མཛེས་ཁུལ་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གཉེར་ཁང་ནི་འཛམ་གླིང་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནས་གནས་ཚུལ་འབྱོར་བ་ལུང་འདྲེན་བྱས་དོན་ལྟར་ན། གསེར་རྟ་བླ་རུང་སྒར་དུ་དཀར་མཛེས་ཁུལ་བྲག་མགོ་རྫོང་སོགས་ནས་དམག་མི་ ༤༠༠ ཙམ་འགྲེམས་འཇོག་བྱས་པ་མ་ཟད། ཐད་འཕུར་གནམ་གྲུ་བརྒྱུད་གྲྭ་བཙུན་རྣམ་པའི་འགུལ་བསྐྱོད་ལ་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག
2024-12-27
རྒྱ་ནག་རྒྱལ་ཡོངས་མི་མང་སྲིད་གྲོས་ཀྱི་འགོ་གཙོ་ཝང་ཧུ་ནིང་བོད་ནང་དུ་ཡོང་སྟེ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁག་གི་ཡང་སྲིད་ངོས་འཛིན་གྱི་འགྲེམས་སྟོན་ལ་ལྟ་སྐོར་དང་བོད་ནང་ཡུན་རིང་བརྟན་བརླིང་ཡོང་བ་བྱ་དགོས་སྐོར་སོགས་བརྗོད་ཡོད་འདུག
2024-12-26
རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་བོར་འཛམ་གླིང་གི་ཆེས་ཆེ་བའི་ཆུ་རག་འཛུགས་འཆར་དེས་བོད་ནང་ཡུལ་མི་གནས་སྤོ་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཁོར་ཡུག་གནོད་སྐྱོན་གྱི་ཤུགས་རྐྱེན་འབྱུང་རྒྱུ་ཡིན་པ། ཉམས་ཞིབ་པས་བརྗོད་བྱུང་།