གསར་འགྱུར་ཡིག་ཚགས།
2021-05-31
བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་རྒྱ་ནག་གཞུང་གིས་ལྷ་སར་བཀག་སྐྱིལ་བྱས་ཡོད་འདུག
2021-05-31
ཨོ་སི་ཊེ་ལི་ཡ་དང་ནིའུ་ཛི་ལེན་ཊི་རྒྱལ་ཁབ་གཉིས་ཀྱིས་རྒྱ་ནག་གི་འགྲོ་བ་མའི་ཐོབ་ཐང་གནད་དོན་ཐོག་ཆིག་བསྒྲིལ་གྱི་ལངས་ཕྱོགས་འཛིན་གྱི་ཡོད་པ་རེད།
2021-05-29
བོད་མི་དམངས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་དམ་འབུལ་དང་ཚོགས་འདུ་ཐེངས་དང་པོ་ཕྱི་ཟླ་ ༦ ཚེས་ ༨ ཉིན་གནང་གཏན་འཁེལ་བ་གསལ་བསྒྲགས་གནང་འདུག
2021-05-29
ཨ་མི་རི་ཀའི་སྲིད་འཛིན་Biden སྲིད་གཞུང་གིས་གྲོས་ཚོགས་ལ་ཕུལ་བའི་རྩིས་ལོ་ཕྱི་ལོ་༢༠༢༢ལོའི་བདེ་སྲུང་གི་དངུལ་རྩིས་འཆར་འབུལ་གྱི་འགྲོ་གྲོན་གཏོང་དམིགས་ཀྱི་ཐོག་ནས་ཨ་མི་རི་ཀས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་གདོང་ལེན་བྱ་རྒྱུར་དམིགས་ཡུལ་གཙོ་བཟུང་ཞིག་བྱེད་ཀྱི་ཡོད་པ་གསལ་སྟོན་ཡོང་གི་ཡོད་འདུག
2021-05-28
རྒྱ་ནག་དམར་ཤོག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་ནག་ཆུ་སོག་རྫོང་ནང་དབྱར་རྩ་དགུན་འབུ་འཐུ་བའི་སྐབས་ལ་ཡང་མི་རིགས་མཐུན་སྒྲིལ་ཟེར་བའི་ཐོག་ནས་བསམ་བློའི་སློབ་གསོའི་ལས་འགུལ་སྤེལ་འདུག
2021-05-28
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་ཁུར་དམ་འབུལ་གྱི་གསུང་བཤད་གནང་བའི་ནང་དུ། རྒྱ་གར་དང་བལ་ཡུལ་ནང་བཞུགས་པའི་བཙན་བྱོལ་བོད་མི་བཞུགས་པའི་ས་ཁུལ་ཁག་ཏུ་ Covid-19 ཞེས་པའི་འགོས་ནད་སྔར་བཞིན་ཁྱབ་གདལ་ཆེན་པོ་ཡོད་པ་དེ་སེལ་ཐབས་གནང་རྒྱུ་དེ་ཁོང་གི་ལས་དོན་གལ་ཆེའི་གྲས་ཤིག་ཡིན་པ་གསུང་ཡོད་པ་རེད།
2021-05-28
བཀའ་ཤག་སྐབས་བཅོ་ལྔ་པས་ཕྱི་ཟླ་ ༥ ཚེས་ ༢༨ རེས་གཟའ་པ་སངས་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དྲ་ལམ་བརྒྱུད་ཐོན་མཇལ་ཞུས་ཡོད་པ་རེད།
2021-05-27
སྤྱི་འཐུས་ཚོགས་གཞོན་དང་རྒྱུན་ལས་ཁག་ཅིག་གིས་དགོངས་པ་ཞུས་ཡོད་པ་དང་སྐབས་བཅུ་བདུན་པའི་གྲོས་ཚོགས་བསྐོང་ཚོགས་ཐུབ་མིན་ཐད་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག
2021-05-27
སྲིད་སྐྱོང་གསར་པ་སྤེན་པ་ཚེ་རིང་ལགས་ཀྱིས་གཞུང་འབྲེལ་གསུང་བཤད་དང་པོའི་སྐབས་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་བྱུང་ན་འཛམ་གླིང་ལ་རྩོད་རྙོག་ཞི་འགྲིག་གི་མིག་དཔེ་བཟང་པོ་ཡོང་རེ་ཡོད་པ་གསུངས་སོང་།
2021-05-27
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་གསར་པའི་དམ་འབུལ་སྐབས་སྲིད་སྐྱོང་གསར་པར་འཚམས་འདྲི་དང་སྲིད་སྐྱོང་རྙིང་པར་ཐུགས་རྗེ་ཆེ་ཞེས་བཀའ་སློབ་བསྩལ་སོང་།
2021-05-26
རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བརྒྱ་བརྒལ་ཡོད་པ་དང་རྣམ་རྒྱལ་གྲྭ་ཚང་དུ་ཏོག་དབྱིབས་ནད་པ་༤༧་ཙམ་ཐོན་འདུག
2021-05-26
ཤིང་ཅང་ནང་གི་རྒྱ་ནག་གི་ཉེན་རྟོག་པས་མིའི་སེམས་ཀྱི་ཚོར་བ་ཤེས་ཆེད་དམིགས་བསལ་འཕྲུལ་ཆས་བརྒྱུད་མཉེན་ཆས་ཞིག་ཡུ་གུར་མི་རིགས་ཚོའི་ཐོག་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད་འདུག
2021-05-26
ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔ་ཉིན་༧གོང་ས་མཆོག་གིས་བཀའ་ཆོས་བསྩལ་སྐབས་ཆོས་ཞུ་བ་སོག་རིགས་ཚོར་སོག་པོ་ཚོས་རིགས་ལམ་ལ་སློབ་གཉེར་གནང་ན་སོག་པོའི་རིག་གཞུང་ཡུན་རིང་གནས་ཐུབ་པ་བཀའ་སྩལ་སོང་།
2021-05-26
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཆེ་རིང་ལགས་ཀྱི་ལས་འཁུར་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བཀའ་སློབ་བསྩལ་གཏན་འཁེལ་འདུག
2021-05-26
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi) མཆོག་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག