ཨ་མི་རི་ཀས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་གདོང་ལེན་བྱ་རྒྱུར་དམིགས་ཡུལ་གཙོ་བཟུང་ཞིག་བྱེད་ཀྱི་ཡོད་པ།

2021.05.29
ཨ་མི་རི་ཀས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་གདོང་ལེན་བྱ་རྒྱུར་དམིགས་ཡུལ་གཙོ་བཟུང་ཞིག་བྱེད་ཀྱི་ཡོད་པ། ཨ་མི་རི་ཀས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་གདོང་ལེན་བྱ་རྒྱུར་དམིགས་ཡུལ་གཙོ་བཟུང་ཞིག་བྱེད་ཀྱི་ཡོད་པ།
ཨེ་ཨེཕ་པི།

དེ་ཡང་སྲིད་གཞུང་གིས་གྲོས་ཚོགས་ལ་དངུལ་རྩིས་འཆར་འབུལ་གྱི་ནང་བདེ་སྲུང་གི་འགྲོ་གྲོན་ཆེད་ཨ་སྒོར་འཐེར་འབུམ་༧༡༥་དགོས་མཁོ་གསལ་སྟོན་གནང་ཡོད་པ་དང་། དེའི་ནང་དམག་ཞབས་པ་ཚོའི་གླ་ཕོག་བརྒྱ་ཆ་༢དང་གྲངས་ཆུང་༧གྱི་སྤར་བའི་ཐོག་གཙོ་བོ་གཞི་རྒྱ་ཆེ་བ། དེ་སྔའི་དམག་གི་གནམ་གྲུ་རྙིང་པ་དང་གོ་མཚོན་བཟོ་བཅོས་སོགས་རྒྱབ་མི་དགོས་པར། དེང་དུས་ཀྱི་ཚད་མཐོའི་གནམ་དམག་གནམ་གྲུ་དང་གོ་མཚོན་ཉོ་རྒྱུ་འཆར་བཀོད་གནང་ཡོད་པ་དང་། དེའི་ནང་དམིགས་བསལ་མངོན་པར་གསལ་བ་དེ་ནི་དངུལ་རྩིས་ནང་ཨ་སྒོར་འཐེར་འབུམ་ལྔ་ལྷག་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དམག་དོན་ཁ་གཏད་གདོང་ལེན་གྱི་ལས་གཞིར་གཏོང་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད།

དེ་ནི་དམག་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀར་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མཚོ་ཁུལ་དུ་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཀྱི་ནུས་པ་ཆེ་རུ་འགྲོ་བཞིན་པར་གདོང་ལེན་བྱ་དགོས་པའི་གནད་འགག་དང་འབྲེལ། ཨ་མི་རི་ཀའི་ངོས་ནས་ཁུལ་དེར་བེད་སྤྱོད་ཆེད་གནམ་དམག་གནམ་གྲུ་སོགས་ཀྱི་སྒྲ་རླབས་རྟོག་ཞིབ་ཀྱི་འཕྲུལ་ཆས་Radar དང་གཞན་ཡང་དམག་གི་ཟུང་སྐར་དེ་བཞིན་ཚད་མཐོའི་མེ་ཤུགས་འཕུར་མདའ་སོགས་མཁོ་འདོན་གྱི་ཆེད་དུ་འགྲོ་གྲོན་གཏོང་གི་ཡོད་པ་གསུངས་ཀྱི་ཡོད་པ་རེད།

དངུལ་རྩིས་འཆར་འབུལ་ནང་ཨ་མི་རི་ཀའི་གཞུང་གིས་ཨ་སྒོར་འཐེར་འབུམ་༢༧དང་ཚགས་༧ ས་ཐོག་ནས་འཕེན་རྒྱུའི་རྡུལ་ཕྲན་གོ་མཚོན་འཁྱེར་བའི་མེ་ཤུགས་འཕུར་མདའ་གསར་བསྐྲུན་དང་། གཞན་ཡང་རྡུལ་ཕྲན་གོ་མཚོན་ཐོག་པའི་མཚོ་འོག་གྲུ་གཟིངས་བཟོ་བསྐྲུན། དེ་བཞིན་རྡུན་ཕྲན་གོ་མཚོན་འཁྱེར་བའི་མཁའ་དམག་གནམ་གྲུ་དང་མེ་ཤུགས་འཕུར་མདའ་བཟོ་བསྐྲུན་ཆེད་ཀྱི་འགྲོ་སོང་གཏོང་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།

སྤྱིར་སྟངས་འཛིན་སྐྱོང་གིས་གྲོས་ཚོགས་ལ་ཕུལ་བའི་དངུལ་རྩིས་འཆར་འབུལ་ལ་གྲོས་ཚོགས་ནས་བཅོག་ཆ་སོགས་གནང་གི་ཡོད་ཀྱང་། དེ་སྔའི་བདེ་སྲུང་གི་དངུལ་རྩིས་འཆར་འབུལ་རིམ་པ་ཞིག་ལ་གྲོས་ཚོགས་ཀྱིས་འགྲོ་གྲོན་གཞུང་གི་འཆར་འབུལ་ཞུས་པ་དེའི་ཐོག་སྤར་ཏེ་ཕར་སྣོན་གནང་བའི་གནད་དོན་དེ་འདྲ་ཡང་བྱུང་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ད་རེས་ཀྱང་གྲོས་ཚོགས་ནས་དེ་ལྟར་གནང་མི་སྲིད་པ་མིན་པ་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎