ཨ་མི་རི་ཀའི་སྲིད་འཛིན་ Joe Biden མཆོག་གིས་ Nicholas Burns རྒྱ་ནག་ཏུ་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་རྩིས་འདུག

2021.08.21
ཨ་མི་རི་ཀའི་སྲིད་འཛིན་ Joe Biden མཆོག་གིས་ Nicholas Burns རྒྱ་ནག་ཏུ་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་རྩིས་འདུག ནི་ཀོ་ལ་སེ་བྭ་རནྶེ Nicholas Burns
ཧཱར་ཝརྜ།

སྲིད་འཛིན་བྷའི་ཌན་མཆོག་གིས་གཞུང་ཞབས་བྱས་རྗེས་ཅན་ ནི་ཀོ་ལ་སེ་བྭ་རནྶེ

(Nicholas Burns)རྒྱ་ནག་ཏུ་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་རྩིས་ཡོད་ལུགས་རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ལས་ཁུངས་ནས་གསུངས་གནང་འདུག ཁོང་ཕྱི་ལོ་༢༠༠༥ནས་༢༠༠༨བར་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པ་གནང་རྗེས་བགྲེས་ཡོལ་དུ་ཕེབས་རྗེས་རྒྱ་ནག་ནང་གཞུང་ཚབ་གནང་རྒྱུ་ཡིན་པ་དེ་ནི་ལོ་བཅུ་ཕྲག་མང་པོའི་རིང་གཞུང་ཚབ་པ་རྣམས་ཆབ་སྲིད་ཀྱི་མི་སྣ་བསྐོ་གཞག་གནང་གི་ཡོད་པའི་ལམ་སྲོལ་ལ་འགྱུར་བ་བཏང་བ་ཞིག་ཡིན་ཞིང་། ཨ་རིའི་གྲོས་ཚོགས་གོང་མས་ཁོང་བསྐོ་གཞག་གནང་རྒྱུར་བཀའ་འཁྲོལ་ཐོབ་པ་ཡིན་ན་ཡུལ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ནས་སྲིད་འཛིན་ཟུར་པ་Donald Trump གྱིས་བསྐོ་གཞག་གནངབའི་Terry Branstad རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་ཆེན་མོ་ནས་སྔ་ལོ་སྤྱི་ཟླ་བཅུ་པའི་ནང་དགོངས་ཞུ་ཟིན་པའི་ཚབ་ཏུ་བསྐོ་གཞག་གནང་རྒྱུ་ཡིན་པ་རེད།

འཛམ་གླིང་གི་དཔལ་འབྱོར་ཨང་དང་གཉིས་ཨ་མི་རི་ཀ་དང་རྒྱ་ནག་དབར་ཚོང་དོན་དང་འཕྲུལ་རིགས། ཏོག་དབྱིབས་ནད་ཡམས། ཐའེ་ཝན། དེ་བཞིན་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་བཅས་ཀྱི་ཐད་རྩོད་རྙོག་འཕྲད་མུས་ཡིན་པ་རེད། Burns གྱིས་འཕྲལ་དུ་གདོང་ལེན་གནང་དགོས་པ་ནི་ཏྭ་ལི་བྭན་གྱིས་ཨཕ་གྷ་ཎི་སེ་ཐན་གྱི་སྲིད་གཞུང་མགོ་རྟིང་སློག་རྗེས་ཀྱི་དཀའ་རྙོག་གིས་སྲིད་འཛིན་བྷའི་ཌན་གྱིས་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་རྒྱ་ནག་གི་གནོན་ཤུགས་ལ་གདོང་ལེན་གནང་རྒྱུའི་སྐུ་ངལ་འཕྲད་བཞིན་པ་དེ་སེལ་ཐབས་གནང་རྒྱུ་དེ་ཡིན་པ་རེད། རྒྱ་ནག་གིས་ཏྭ་ལི་བྭན་ཨཕ་གྷ་ཎི་སེ་ཐན་གྱི་འགོ་ཁྲིད་གསར་པར་གཞུང་འབྲེལ་ངོས་ལེན་བྱས་མེད་ཀྱང་ཟླ་བ་གཅིག་གོང་ཕྱི་སྲིད་བློན་ཆན་ཝང་ཡི་ཡིས་ཏྭ་ལི་བྭན་གི་ཆབ་སྲིད་འགོ་ཁྲིད་མུ་ལ་བྭ་རཱ་དྷར་(Mullah Baradar)རྒྱ་ནག་ཏུ་ཐུགས་འཕྲད་སྐབས་འཛམ་གླིང་གི་དབུ་ཁྲིད་ཚོས་བར་བརྒལ་གྱི་སྲིད་གཞུང་འཕོ་འགྱུར་ལ་ལམ་སྟོན་གནང་དགོས་ལུགས་བརྗོད་ཡོད་པ་རེད།  Nicholas Burns རྒྱ་ནག་ཐོག་དམིགས་བསལ་ཆེད་ལས་པ་ཞིག་མིན་ཡང་དེ་སྔ་བྱང་ཨཊ་ལན་ཊིག་ཆིངས་དོན་སྒྲིག་འཛུགས་NATO དང་Greece ནང་ཨ་མི་རི་ཀའི་གཞུང་ཚབ་གནང་མྱོང་ཡོད་པ་རེད།།

གསར་འགོད་པ། ཀརྨ་རྒྱ་མཚོ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎