ཡུ་གུར་བའི་ཐོག་མིའི་སེམས་ཀྱི་ཚོར་བ་ཤེས་བའི་མཉེན་ཆས་ཚོད་ལྟ་བྱེད་ཀྱི་ཡོད་འདུག

2021.05.26
ཡུ་གུར་བའི་ཐོག་མིའི་སེམས་ཀྱི་ཚོར་བ་ཤེས་བའི་མཉེན་ཆས་ཚོད་ལྟ་བྱེད་ཀྱི་ཡོད་འདུག ཤིན་ཅིང་ནང་སློབ་གསོ་བསྐྱར་མ་སྤྲོད་ཡུལ་ལྟེ་གནས་ཁང་ཞིག་གི་སྒོ་ཆེན་མདུན། ༢༠༡༨
Reuters

ཤིང་ཅང་ནང་གི་རྒྱ་ནག་གི་ཉེན་རྟོག་པས་མིའི་སེམས་ཀྱི་ཚོར་བ་ཤེས་ཆེད་དམིགས་བསལ་འཕྲུལ་ཆས་བརྒྱུད་མཉེན་ཆས་ཞིག་ཡུ་གུར་མི་རིགས་ཚོའི་ཐོག་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད་འདུག
ཤིང་ཅང་ནང་གི་རྒྱ་ནག་གི་ཉེན་རྟོག་པས་པར་ཆས་བརྒྱུད་མིའི་སེམས་ཀྱི་ཚོར་བ་ཤེས་ཆེད་རྣམ་པ་འདྲ་མིན་པར་ལེན་ཐུབ་པའི་(IA)་ཞེས་པའི་མཉེན་ཆས་དམིགས་བསལ་འཕྲུལ་ཆས་བརྒྱུད་ཡུ་གུར་མི་རིགས་ཚོའི་ཐོག་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད་འདུག
དེ་ཡང་དབྱིན་ཇིའི་(BBC)་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཀློག་ཀླད་རྩིས་འཁོར་(computer)་གྱི་གཉེན་ཆས་བཟོ་མཁན་གྱིས། ཤིང་ཅང་ནང་གི་རྒྱ་ནག་ཉེན་རྟོག་པའི་ས་ཚིགས་སུ་པར་ཆས་ནང་(IA)་ཟེར་བའི་སེམས་ཀྱི་ཚོར་བ་ཤེས་ཆེད་དམིགས་བསལ་གྱི་འཕྲུལ་ཆས་དེ་བཅུག་ཡོད་པའི་སྐོར་གསུངས་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་གིས། གནས་ཚུལ་བདེན་པ་ཡིན་པའི་དཔང་རྟགས་བསྟན་པ་དང་ཆབས་ཅིག་བྱ་སྤྱོད་དེ་ནི་ཧ་སང་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པའི་སྐོར་བཀོད་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཊོན་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། གོང་གསལ་ཤིན་ཅང་ནང་དུ་མིའི་སེམས་ཀྱི་ཚོར་བ་ཤེས་ཆེད་དམིགས་བསལ་པར་ཆས་ནང་འཕྲུལ་ཆས་བེད་སྤྱོད་གཏོང་བཞིན་པའི་གནས་ཚུལ་ཐོན་པ་དེའི་ཐོག་ཐད་ཀར་ལན་འདེབས་བྱས་མེད་ཀྱང་།་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཐོབ་ཐང་ནི་གྲངས་ཉུང་མི་རིགས་ཚང་མར་འགན་ལེན་ཡོད་པའི་སྐོར་བཤད་ཡོད་པ་རེད།
ཤིན་ཅང་ནི་ཡུ་གུར་གྲངས་ཉུང་མི་རིགས་ས་ཡ་༡༢་གནས་སྡོད་བྱེད་ཡུལ་ཞིག་ཡིན་པ་དང་། དེའི་ནང་གི་མང་ཆེ་བ་ཁ་ཆེ་ཡིན་ཞིང་། ཤིན་ཅང་ནང་གི་མང་ཚོགས་རྣམས་ཉིན་རེའི་སོ་ལྟའི་པར་ཆས་ཀྱི་དམ་དྲག་འོག་ཏུ་གནས་བཞིན་ཡོད་ལ། ད་དུང་སློབ་གསོ་བསྐྱར་མ་སྤྲོད་ཡུལ་ལྟེ་གནས་ཁང་ཟེར་བའི་དོ་དམ་བཀག་ཉར་ཁང་དེ་དག་ནང་མི་མང་ས་ཡ་གཅིག་ལྷག་བཀག་ཉར་བྱས་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གསུང་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས། ཤིན་ཅང་ནང་སོ་ལྟའི་པར་ཆས་དགོས་ངེས་ཡིན་པ་དང་། ཁ་བྲལ་རིང་ལུགས་པས་དྲག་པོའི་གཏོར་རྒོལ་བཏང་སྟེ་མི་མང་བརྒྱ་གྲངས་རྐྱེན་ལམ་དུ་གཏོང་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་པའི་གཏོར་རྒོལ་སྔོན་འགོག་ཤེས་རྟོགས་ཀྱི་ཆེད་དུ་བཙུགས་པ་ཞིག་ཡིན་ལུགས་ཤོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎