ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག

2021.05.26
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi)་མཆོག
Reuters

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi) མཆོག་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་འཚམས་འདྲི་གནང་འདུག
དེ་ཡང་འདི་ཚེས ༢༥་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པི་ལོ་སི་(Nancy Pelosi)་མཆོག་གིས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་སྐུ་ཉིད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཡོད་ཞེས་དང་། སྐུ་ཉིད་ལ་རྒྱུན་རིང་གི་སྲིད་ཞུའི་ཉམས་མྱོང་ཡོད་པས་བོད་མི་ཚོར་ཞབས་ཞུ་ཚད་ལྡན་འགྲུབ་ངེས་ཡིན་ཞེས་བཀོད་གནང་འདུག
ད་དུང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གི་འཚམས་འཕྲིན་དེའི་ནང་། ༧གོང་ས་མཆོག་འདས་པའི་ལོ་ངོ་༦༠འི་རིང་བཙོན་བྱོལ་དུ་བཞུགས་དགོས་བྱུང་ཞིང་། དེའི་རིང་བོད་མི་རྣམས་ཀྱིས་འཛམ་གླིང་མི་མང་ལ་བློ་སྟོབས་གོང་སྤེལ་གྱི་མཚོན་རྟགས་སུ་གྱུར་ཡོད་ལ། རྒྱ་ནག་གཞུང་གི་དྲག་གནོན་ལ་ཁ་གཏད་བཅག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བློ་སྟོབས་ཆེན་པོའི་ངང་ཡིད་དུ་འོངས་པའི་བོད་ཀྱི་སྐད་ཡིག་དང་། ལྷག་པར་ཕྱུག་པའི་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ལྷག་པར་ཆོས་ལུགས་མཐུན་སྒྲིལ་ལ་འབད་འབུངས་གནང་ཡོད།
ད་ནི་སྐུ་ཉིད་ཀྱི་ཆོད་སེམས་བརྟན་ལ་ངལ་བ་ཁྱད་སད་དབུ་ཁྲིད་འོག་བླ་སྲོག་ལྟ་བུ་བོད་མིའི་རིག་གཞུང་རྒྱུན་གནས་དང་ཞི་བདེའི་འཐབ་རྩོད་རྒྱུན་འཁྱོངས་གནང་དགོས་པའི་སྐུལ་མ་གནང་འདུག་ལ། ཨ་རིའི་ངོས་ནད་ད་ལྟ་བཞིན་དུས་རྟག་ཏུ་བོད་མི་མང་ལ་རྒྱབ་སྐྱོར་ཞུ་རྒྱུར་དགའ་སྤོབས་ཡོད་ཞེས་གསུངས་འདུག
བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དེ་སྔོན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་སྐབས་དང་། དེ་རྗེས་ཨ་རིའི་དོན་གཅོད་གནང་སྐབས་སོ་སོར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དང་མཇལ་འཕྲད་གནང་མྱོང་ཡོད་ཅིང་། ལྕམ་ནེན་སི་པེ་ལོ་སི་མཆོག་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འབྲེལ་ཧ་ཅང་ཉེ་པོ་ཡོད་མཁན་ཞིག་ལ་བོད་དོན་ཐད་ལོ་ངོ་བཅུ་ཕྲག་མང་པོའི་རིང་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན་པ་རེད།
བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཨ་རི་དང་ཐེ་ཝན་སྲིད་གཞུང་གི་ངོ་བོའི་ཐོག་ནས་འཚམས་འདྲི་ཞུས་པ་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཤར་ཡོ་རོབ་ཡུལ་གྲུ་སོལོ་ཝི་ཀི་ཡའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོ་སོས་འཚམས་འདྲི་ཞུས་ཡོད། དེ་མིན་ཡུལ་གྲུ་བཅུ་གཉིས་ཀྱི་གྲོས་ཚོགས་ཀྱི་ཚོགས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་ཀྱི་འཐུས་སོགས་ནས་ཀྱང་འཚམས་འདྲི་ཞུས་འདུག་ལ། སྦེལ་ཇམ་དང་སུད་སིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནས་ཀྱང་འཚམས་འདྲི་ཞུས་གནང་འདུག

US-Speaker-Nancy-Pelosis-msg-for-elected-Sikyong-Penpa-Tsering.jpg

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎