བོད་མི་དམངས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་དམ་འབུལ་དང་ཚོགས་འདུ་ཕར་འགྱངས་གནང་འདུག

2021.05.29
བོད་མི་དམངས་སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་དམ་འབུལ་དང་ཚོགས་འདུ་ཕར་འགྱངས་གནང་འདུག
བོད་མིའི་སྒྲིག་འཛུགས།

ཕྱི་ཟླ་ ༥ ཚེས་ ༢༨ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད་ཁྱིམ་སྡོད་བཀག་རྒྱ་ཕྱི་ཟླ་ ༦ ཚེས་ ༧ བར་བྱེད་དགོས་པའི་བཀའ་རྩ་གསལ་བསྒྲགས་བྱས་ཤིང་། ཐོག་མར་ལྟར་ན་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་ཕྱི་ཚེས་ ༢༩ ཉིན་འབྱོར་ཐོ་གནང་སྟེ། ཕྱི་ཚེས་ ༣༠ ཉིན་དམ་འབུལ་གནང་རྒྱུ་སྤྱི་འཐུས་ཚོགས་དྲུང་ཡིག་ཚང་གིས་གསལ་བསྒྲགས་སྔོན་སོང་ལྟར་ན་ཡང་། ཕྱི་ཚེས་ ༢༩ ཕྱི་དྲོ་སླར་ཡང་ཚོགས་དྲུང་ཡིག་ཚང་ནས་གསལ་བསྒྲགས་གསར་པ་ཞིག་གནང་པ་དེའི་ནང་། དབུས་འོས་བསྡུ་ལྷན་ཁང་དང་བཀའ་བསྡུར་གྱིས་སྤྱི་འཐུས་གསར་པའི་དམ་འབུལ་དང་ཚོགས་འདུ་ཕྱི་ཟླ་ ༦ ཚེས་ ༨ བར་ཕར་འགྱངས་གནང་རྒྱུ་ཡིན་པ་བཀོད་འདུག

གསལ་བསྒྲགས་དེའི་ནང་། ཕྱི་ཚེས་ ༨ ཉིན་སྤྱི་འཐུས་ལྷན་ཚོགས་ཀྱི་བར་བརྒལ་ཚོགས་གཙོས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་ཁུར་དམ་འབུལ་གནང་རྒྱུ་དང་། དེ་རྗེས་སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་བར་བརྒལ་ཚོགས་གཙོའི་མདུན་དུ་ལས་ཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག་ཅིང་། ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱབ་སྤྱི་འཐུས་སྐབས་བཅུ་བདུན་པའི་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་གནང་རྒྱུ་ཡིན་པ་བཀོད་འདུག

ཕྱི་ཚེས་ ༩ ཉིན་འདེམས་ཐོན་ཚོགས་གཙོ་དང་ཚོགས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་འདུག

17.JPG

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎