གསར་འགྱུར་ཡིག་ཚགས།
2022-11-30
གཟའ་ལྷག་པའི་མཚན་མོར་རྒྱ་ནག་གི་ཀོང་ཀྲོའུ་གྲོང་ཁྱེར་ནང་སླར་ཡང་མི་མང་གི་ཞི་རྒོལ་བྱུང་ནས་ཉེན་རྟོག་པ་དང་གདོང་ཐུག་བྱུང་ཡོད་པ་དང་རྒྱ་ནག་གཞུང་གིས་ལས་འགུལ་བར་དྲག་གནོན་བྱེད་རྒྱུའི་བཀོད་ཁྱབ་བཏང་འདུག
2022-11-30
བོད་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་མཁན་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཙི་མིན་ཁྲག་དཀར་ནད་ཀྱི་རྐྱེན་གྱིས་ཧྲང་ཧེ་གྲོང་ཁྱེར་དུ་འདས་གྲོངས་སུ་སོང་་ཡོད་འདུག
2022-11-30
ཉེ་བའི་ཆར་ཉི་མ་ཁ་ཤས་རིང་རྒྱ་ནག་ནང་འགྱུར་བ་ཅུང་ཙམ་འགྲོ་བཞིན་པ་དང་། རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་པས་ཚང་མས་སེམས་ཤུགས་བསྐྱེད་དེ་ཧུར་ཐག་གནང་དགོས་པ་༧གོང་ས་མཆོག་གིས་བརྟན་བཞུགས་སྐབས་བཀའ་བསྩལ་སོང་།
2022-11-30
དགེ་རྒན་ཁོང་བོད་མི་རིགས་ཀྱི་ཁེ་ཕན་དང་ཐོབ་ཐང་སོགས་ཀྱི་ཐད། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ལས་དོན་བྱེད་མཁན་ཞིག་ཡིན་པ། བཙན་བྱོལ་ནང་གནས་སྡོད་མིང་བརྗོད་འདོད་མེད་པའི་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་ཟུར་ཅིག་དང་འབྲེལ་ཡོད་བོད་མི་གཉིས་ནས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2022-11-29
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་ཆ་བོད་དོན་ཐོག་རྒྱབ་སྐྱོར་སྔར་ལས་ལྷག་པ་དགོས་སྐོར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་གསུངས་སོང་།
2022-11-29
རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོས་གྲོང་ཁྱེར་མང་པོའི་ནང་མི་མང་གིས་གཞུང་གི་དམ་དྲག་སྲིད་ཇུས་ལ་ངོ་རྒོལ་བྱས་བའི་གནས་ཚུལ་བྱུང་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཆེ་རུ་བཏང་ཡོད་འདུག
2022-11-29
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བོད་སོག་གཉིས་ཀྱི་ཐུན་མོང་མ་ཡིན་པའི་འབྲེལ་ལམ་མུ་མཐུད་དུ་རྒྱུན་འཛིན་དགོས་པ་སོག་པོའི་དད་ལྡན་པ་ཁག་ཅིག་ལ་བཀའ་བསྩལ་འདུག
2022-11-29
ད་ལྟའི་ཆར་ལྷ་སའི་ནང་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམ་དྲགས་ཤུགས་ཆེར་བྱེད་བཞིན་ཡོད་སྐོར། བོད་ནང་གི་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
2022-11-28
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དེ་བཞིན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ལྡི་ལིར་དབུ་འཛུགས་གནང་འདུག
2022-11-28
སེམས་ཀྱི་ཞི་བདེ་བསྐྲུན་པར་ནང་ཆོས་ལས་ལྷག་མེད་པའི་སྐོར་༧གོང་ས་མཆོག་གིས་སོག་ཡུལ་གྱི་དད་ལྡན་པ་ཁག་ཅིག་ལ་མཇལ་ཁའི་སྐབས་བཀའ་བསྩལ་འདུག
2022-11-28
རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧེ། བོད་མི་མང་པོ་འཚོ་གནས་བྱེད་ཡུལ་ཟི་ལིང་སོགས་གྲོང་ཁྱེར་དུ་མའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོས་སྤེལ་འདུག
2022-11-28
ཕྱི་ཚེས་༢༨་ཉིན་ནས་བཟུང་བོད་ནང་ད་ལྟའི་ཆར་རིམས་ནད་ཀྱི་བཀག་བསྡོམས་ཤུགས་ཆེར་བྱས་ཡོད་པའི་མཚོ་སྔོན་ཟི་ལིང་གྲོང་ཁྱེར་སོགས་སུ། རྒྱ་ནག་གཞུང་འབྲེལ་ངོས་ནས་མི་མང་ཚོ་ཕྱི་ལ་གཅིག་ཀྱང་འབུད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ།
2022-11-27
རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་རྩ་མེད་གཏོང་བ་ཟེར་བའི་སྲིད་ཇུས་དང་འབྲེལ་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་མང་ཚོགས་ཚོས་ངོ་རྒོལ་གྱིས་རྒྱ་ནག་དམར་ཤོག་ཚོགས་པ་གཏོར་ཕམ་གཏོང་དགོས་ཞི་ཅི་ཕིན་གཏོར་ཕམ་གཏོང་དགོས་ཅེས་ངོ་རྒོལ་གྱི་འབོད་ཚིག་བསྒྲགས་འདུག
2022-11-26
རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་སུ་པར་རིས་འགྲེམས་སྟོན་པ་བརྒྱུད་རྒྱ་ནག་གི་མཛེས་སྡུག་ལྡན་པའི་བོད་རང་སྐྱོང་ལྗོངས་ཞེས་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་བཞིན་པ།
2022-11-26
ཀོ་རི་ཡ་ལྷོ་བྱང་གི་དཀའ་ངལ་རིམ་པས་བདེན་མཐའ་གསལ་ཏེ་ཞི་འཇམ་ཡག་པོ་ཡོང་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད་ཅེས།༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ཆོས་ཞུ་བ་ཚོར་བཀའ་སྩལ་ཡོད་པ།