གསར་འགྱུར་ཡིག་ཚགས།
2023-08-12
ཉེ་ལམ་བྱེས་སུ་ཡོད་པའི་གྲྭ་ཚང་དེ་ཉིད་ཀྱི་དཔེ་ཁྲིད་དགེ་རྒན་༡༤ བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་བཅར་གྱིས། ༸རྒྱལ་དབང་༸སྐུ་འཕྲིན་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ནི་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་སྔར་གྱི་སྐྱེས་ཆེན་དམ་པ་ཚོའི་ལུང་བསྟན་གྱི་གསུང་རྒྱུན་རྣམས་མགོན་པོ་གང་ཉིད་མཆོག་ལ་སྤྱན་འབུལ་ཞུས་འདུག་
2023-08-12
ཕྱི་ཟླ་༨ཚེས་༡༢ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་གྱིས་ཆོས་ལུགས་མཐུན་འབྲེལ་ཐོག་བཀའ་སྩལ་བ།
2023-08-11
སྤྱི་ནོར་༧གོང་ས་མཆོག་གིས་ཨ་རིའི་ཧ་ཝ་ཡེ་གླིང་ཕྲན་མངའ་སྡེའི་ནང་རི་མེ་ཤོར་བའི་གོད་ཆག་བྱུང་བར་ས་གནས་གནོད་ཐེབས་མི་མང་ལ་ཐུགས་གསོ་དང་བསྔོ་སྨོན་མཛད་འདུག
2023-08-11
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་རྟོགས་ཞིབ་སྡེ་ཚན་གྱིས་རྒྱ་ནག་གཞུང་ལ་བོད་མི་ཁོར་ཡུག་སྲུང་སྐྱོབ་པ་དགུའི་གནས་སྟངས་ཁ་གསལ་བཟོ་དགོས་བའི་དགོས་འདུན་བཏོན་འདུག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དེར་དགའ་བསུ་གནང་འདུག
2023-08-11
བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་༦༤འཁོར་ཡོད་པ་དང་ད་ལོའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་ཁྲོད་རྔོན་པ་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།
2023-08-10
ཨ་རིའི་ནོར་སྲིད་ལྷན་ཁང་གིས་བཀག་སྡོམ་སྤྱི་བསྒྲགས་སྤེལ་ནས་ཚོར་བ་སྐྱེན་པའི་རྒྱ་ནག་གི་ལག་རྩལ་སྤྱི་གཉེར་ཁང་དག་ལ་མ་རྩ་འཛུགས་འཇོག་མི་ཆོག་པ་བསྒྲགས་ཡོད་ཀྱང་གནད་ཡོད་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ད་དུང་དེ་ལས་ལྷག་པ་བྱེད་དགོས་བ་བརྗོད་འདུག
2023-08-10
ཐེ་ཝན་དུ་དགེ་ལུགས་སྨོན་ལམ་ཆེན་མོ་ཐེངས་གསུམ་པ་ཉིན་གྲངས་གསུམ་རིང་ཚོགས་སྐབས་རྒྱ་ནག་སྐམ་ས་ཆེན་མོ་ནས་རྒྱ་རིགས་དད་ལྡན་པ་ཁག་ཅིག་མཉམ་ཞུགས་གནང་ཡོད་འདུག
2023-08-10
ཨོསི་ཊརེ་ལི་ཡའི་བོད་དོན་ལྷན་ཚོགས་ཀྱིས་རིང་མིན་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོའི་ཚོགས་ཆེན་སྟེང་བོད་ནང་གི་གཏན་སྡོད་སློབ་གྲྭའི་སྐོར་གཙོས་བོད་ནང་གི་ཛ་དྲག་གནས་སྟངས་གླེང་དགོས་འབོད་སྐུལ་ཞུས་འདུག
2023-08-10
ཕྱི་ཟླ་༨ཚེས་༩ཉིན་གྱི་བོད་ནང་གི་ཕྱི་དྲོ་ཙམ་ལ་མགོ་ལོག་ཁུལ་རྨ་ཆེན་རྫོང་རྭ་རྒྱ་གྲོང་རྡལ་གྱི་ཨ་མྱེ་ཁྱུང་མགོན་གྱི་ལུང་པའི་ནང་། དྲག་ཆར་དང་སྤྲིན་པ་གས་འཐོར་བྱུང་སྟེ་ཡུལ་དེའི་རྭ་རྒྱ་དགོན་གྲོང་གཉིས་ནང་ཆུ་ལོག་གིས། ཁང་པ་ཆུས་ཁེངས་པ་དང་རླངས་འཁོར་དང་ཅ་དངོས་རིགས་ཆུས་འཁུར་བའི་གནས་སྟངས་འོག་རྒྱུ་ནོར་ལ་གོད་ཆགས་བྱུང་ཡོད་འདུག
2023-08-09
སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་ཡིས་སྒོ་མང་གྲྭ་ཚང་དུ་གསུང་ཆོས་མཇུག་སྒྲིལ་སྐབས་ཇི་ལྟར་གཞུང་ནང་བསྟན་པ་བཞིན་དགེ་འདུན་པ་རྣམ་པས་སློབ་གཉེར་ལ་ཧུར་བརྩོན་དང་ཁས་བླང་པའི་ཚུལ་ཁྲིམས་རྣམ་དག་སྲུང་དགོས་པའི་ལམ་སྟོན་གནང་འདུག
2023-08-09
རྒྱ་ནག་གཞུང་གིས་ཇར་མན་གྱི་འཕྲུལ་རིག་ལག་རྩལ་ཐད་ཀྱི་ཆོག་མཆན་དཔང་ཡིག་ཐོབ་རྒྱུའི་ཐད་ཐབས་ལམ་གསར་བ་འཚོལ་བཞིན་ཡོད་འདུག
2023-08-09
འདས་བའི་ལོ་ཤས་རིང་བལ་བོད་ས་མཚམས་སྒོ་རྒྱབ་པའི་རྐྱེན་གྱིས་དོལ་པོ་བྷུ་དྷ་དང་ཤེལ་ཕོག་གསུམ་ཐོ་སོགས་བལ་ཡུལ་མཐའ་མཚམས་ཀྱི་ས་གནས་ཡུལ་མིའི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་འདུག
2023-08-08
སྐྱབས་རྗེ་གླིང་རིན་པོ་ཆེ་ཡིས་ར་ཤེ་ཡའི་ཁྱབ་ཁོངས་ས་ཁུལ་ཁག་ཅིག་ནང་བདུན་ཕྲག་གཉིས་ཙམ་རིང་ཆོས་འབྲེལ་གནང་བ་དང་གནད་ཡོད་མི་སྣར་མཇལ་མོལ་གནང་འདུག