༸གོང་ས་མཆོག་ལ་དྭགས་ཁ་ཆེའི་ཕྱག་འཚལ་ཁང་དུ་ཆིབས་བསྒྱུར་གྱིས་ཆོས་ལུགས་མཐུན་འབྲེལ་ཐོག་བཀའ་སྩལ་བ།

ཕྱི་ཟླ་༨ཚེས་༡༢ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁ་ཆེའི་ཆོས་ཚོགས Anjuman Moin ul Islam་དང་Anjuman་Imami་གཉིས་ཀྱི་ཐུན་མོང་ནས་གདན་ཞུས་ལྟར་ཆུ་ཞོལ་འོག་མའི་ཨེ་མམ་བྷར་གྷ་(Imam Bargah)ཁ་ཆེའི་ཕྱག་ཁང་དུ་ཆིབས་བསྒྱུར་གྱིས་ཉིན་གུང་ལྗགས་སྨིན་གནང་ཡོད་པ་དང་སྐབས་དེར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་རང་ནང་པ་ཡིན་ཡང་། ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད།ཆོས་ལུགས་ཚང་མའི་བསླབ་བྱ་དངོས་ཉམས་ལེན་བྱེད་ཚེ་སེམས་བཟང་པོ་བྱེད་པ་དང་། ཕན་ཚུན་བརྩེ་བ་བྱེད་དགོས། དེ་ཆོས་ལུགས་ཚང་མས་གསུངས་ཡོད་བཅས་བཀའ་བསྩལ་གནང་སོང་། དེ་བཞིན་མགོན་པོ་མཆོག་གི་ནང་པའི་ཆོས་རྒྱུད་དེ་དག་ཚང་མ་དམ་ཚིག་གོང་བུ་གཅིག་གྱུར་བྱུང་ན་བསམ་ནས་བླ་མ་མི་འདྲ་བ་མང་པོའི་མདུན་ནས་རྙིང་མ། བཀའ་རྒྱུད། ས་སྐྱ། དགེ་ལུགས་སོགས་ཀྱི་ཆོས་ཚན་མང་པོ་ཞུས་ནས་ཉམས་ལེན་བྱེད་ཀྱི་ཡོད་པ་གསུངས་སོང་།
༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ས་གནས་སུ་གནས་མཁན་གྱི་ཁ་ཆེ་ཆོས་གྲོགས་རྣམས་ལ་དུས་རྒྱུན་དུ་ཐུགས་བརྩེ་བ་ཆེན་པོ་གནང་གི་ཡོད་བཞིན་ཁ་ཆེ་ཆོས་བརྒྱུད་Shiaདང་Sunniཁག་གཉིས་ཀྱི་ཚོགས་གཙོ་སོ་སོར་བཀྲ་ཤིས་རྟགས་བརྒྱད་ཀྱི་དྲན་རྟེན་རེ་འབུལ་སོང་། ལ་དྭགས་Anjuman་Imamia་ཆོས་ཚོགས་ཀྱི་ཚོགས་གཙོ་Asrif་Ali་Barcha་ལགས་ཀྱི་ འདས་པའི་ལོ་༡༥་ལྷག་ཙམ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཆུ་ཤོད་ཡོག་མ་སུ་ཆགས་པའི་Imam Barqaལ་ཕེབས་བསུ་ཞུ་རྒྱུ་ཐོབ་པར་བསོད་ནམས་ཅན་ཚོར་གྱི་འདུག་གསུང་བྱུང་།
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།