གསར་འགྱུར་ཡིག་ཚགས།
2025-04-18
འདི་ཚེས་ ༡༨ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་སིམ་ལ་ས་གནས་མི་མང་དང་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཀྱི་དགེ་སློབ་རྣམས་ཐུག་འཕྲད་ཀྱིས། ད་ལྟའི་བོད་མིའི་སྒྲིག་འཛུགས་ཚགས་ཚུད་ངང་གནས་ཡོད་པ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡིན་སྐོར་གསུངས་འདུག
2025-04-18
བཞུགས་སྒར་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་མཉམ་འབྲེལ་ཐོག་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཞུགས་འབུལ་མ་བྱེད་གོང་ཞིབ་འཇུག་མཐར་ཕྱིན་པ་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེ་འབྲེལ་ཝིཡེཏ་ནམ་གཞུང་ལ་ནན་སྐུལ་དགོས་པའི་ཛ་དྲག་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་སོང་།
2025-04-18
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝིཡེཏ་ནམ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས། སོག་པོ་དང་ཡོ་རོབ་རྒྱལ་ཁག་བཅས་ཀྱི་ཕྱི་ནང་གི་མི་མང་བརྒྱ་ཕྲག་འགའ་ལ་མཇལ་ཁ་སྩལ་ཡོད་ཅིང་། མཇལ་བཅར་བ་ཞིག་ཌྷ་མགོན་པོ་གང་ཉིད་ཀྱི་མཚན་ལམ་དུ་དགུང་ལོ་བརྒྱ་དང་ཉི་ཤུར་སྐུ་འཚོ་བཞུགས་མཛད་རྒྱུའི་ལུང་བསྟན་ཡོད་ཅེས། ཝིཡེཏ་ནམ་གྱི་དད་ལྡན་པ་ཁག་ཅིག་ལ་བཀའ་སྩལ་མཛད་འདུག
2025-04-18
རྒྱ་ནག་གཞུང་འབྲེལ་མི་སྣ་དང་ཝིཡེཏ་ནམ་འབྲེལ་ཡོད་ཚན་པས། ཧ་ཅང་དམ་དྲག་གསང་སྟབས་ཀྱིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་། ཉེ་འཁོར་དུ་ཡོད་པའི་ས་སྐྱ་ཆོས་ཚོགས་ཀྱི་དུར་ཁྲོད་དུ་སྐྱེལ་ཡོད་ན་ཡང་། འབྲེལ་ཡོད་ལུང་སྔོན་དགོན་པའི་དགེ་འདུན་པ་ཚོ་མགྲོན་ཁང་དུ་བཅུག་ནས་བཏང་མི་འདུག
2025-04-17
ཉེ་ཆར་གྷུ་གྷལ་ས་ཁྲའི་ཐོག་ཕི་ལི་པིན་གྱི་ནུབ་ཕྱོགས་སུ་ཡོད་པའི་རྒྱ་མཚོའི་སྟེང་དུ་ "ནུབ་ཕི་ལི་པིན་རྒྱ་མཚོ་" ཞེས་པའི་མིང་གསལ་པོར་བཀོད་པ་དེས། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཞེས་འབོད་པའི་མཚོ་ཁུལ་དེའི་རྩོད་རྙོག་བསྐྱར་དུ་བསླངས་ཡོད།
2025-04-17
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་ཐུག་འཕྲད་སྐབས་འདི་ལོའི་༸སྐུའི་གོ་སྟོན་དང་འབྲེལ་བའི་མཛད་རིམ་ཁག་གཅིག་ཐོག་བཀའ་མོལ་གནང་ཐོག ༸སྐུའི་གོ་སྟོན་གྱི་གཞུང་འབྲེལ་མཛད་སྒོར་མགྲོན་འབོད་གནང་འདུག
2025-04-17
ཟླ་ ༥ ཚེས་ ༧ དང་ཟླ་ ༦ ཚེས་ ༤ ། ཟླ་ ༦ ཚེས་ ༣༠ དང་ཟླ་ ༧ ཚེས་ ༥ བཅས་སོ་སོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་འཆར་གཤམ་གསལ།
2025-04-17
རྒྱ་ནག་གཞུང་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མཁན་པོ་དང་དགེ་འདུན་པ་ཚོར། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་སོགས་ངོ་སྤྲོད་བྱས་ཡོད་ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཐོག་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན་གང་གི་ཆ་ནས་ཀྱང་ཐེ་བྱུས་ཀྱི་དབང་ཆ་མེད་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསལ་སྟོན་གནང་གི་འདུག
2025-04-17
རྒྱ་ནག་གཞུང་གིས་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གི་སྐུ་ཕུང་ཝིཡེཏ་ནམ་རང་ནས་སྐུ་ཕུང་ཞུགས་འབུལ་དགོས་པའི་བཙན་ཐབས་བྱེད་བཞིན་ཡོད་འདུག་ལ། རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་མི་ཐུབ་པར་ཁ་གཡར་ས་གཙོ་བོ། ཝིཡེཏ་ནམ་གཞུང་གིས་སྐུ་ཕུང་རྩིས་སྤྲོད་ཀྱི་འདོད་མོས་རྩ་བ་ནས་མེད་པར་ཐབས་ཤེས་མེད་སྐོར་བརྗོད་བཞིན་ཡོད་པ།
2025-04-17
བོད་དོན་ཉམ་འབྲེལ་ཞིབ་འཇུག་ཁང་དང་ (Tibet Watch) ཡིས་འདོན་སྤེལ་གནང་བའི་སྙན་ཐོ་ཞིག་ལས། རྒྱ་ནག་གཞུང་གི་བདག་དབང་ཅན་གྱི་མེ་ཡ་པི་ཁོ་ནག་ཉེས་ཞིབ་འཇུག་ཁང་གིས། བོད་ཕྱི་ནང་གཉིས་སུ་དྲ་ཐོག་བལྟ་ཞིབ་ཀྱི་ནུས་པ་ཇེ་ཆེར་གཏོང་ཆེད། བོད་ཀྱི་རྒྱལ་ས་ལྷ་སའི་བོད་ལྗོངས་ཉེན་རྟོག་སློབ་གླིང་དྲ་ཐོག་བཙན་འཛུལ་བྱ་ཐབས་ཀྱི་སྦྱོང་བརྡར་སྤྲོད་འཆར་དང་མཉམ། དྲ་ཐོག་ནག་ཉེས་ཞིབ་འཇུག་ཁང་ཞིག་འཛུགས་འཆར་ཡོད་པ་གསལ་སྟོན་བྱས་འདུག
2025-04-16
ཨ་རིའི་ཆོ་ཕྲུལ་སྨོན་ལམ་ཆེན་མོའི་ཚོགས་པས་་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་དང་བསྟུན་བཀའ་དྲིན་རྗེས་དྲན་ཞུ་སླད་གསེར་གྱི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་པ་དང་ལྷན་ཨ་རིའི་ཆོ་ཕྲུལ་སྨོན་ལམ་ཆེན་མོའི་མཇུག་སྡོམ་གྱི་སྙན་ཐོ་ཞིག་ཀྱང་སྤྱན་འབུལ་ཞུས་པར། མགོན་པོ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་གནང་འདུག
2025-04-16
བོད་མི་མང་དབུས་གཙང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ནས་སྤྱི་འཐུས་དམ་འབུལ་དང་།རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ནས་གསང་བའི་དམ་འབུལ་གནང་ཡོད་པ།
2025-04-15
ཡུ་རོབ་ནི་དར་ལེནྚ་གྲོས་ཚོགས་ཀྱིས་ཡུ་རོབ་མཐུན་ཚོགས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་ཐབས་དང་འབྲེལ་བོད་དོན་དང་འབྲེལ་བའི་གྲོས་ཆོད་གསུམ་མང་མོས་ཐོག་གཏན་འབེབས་གནང་འདུག
2025-04-15
འབར་མའི་ལོ་གསར་སྲུང་བརྩི་སྐབས་དམག་གཞུང་གིས་གནམ་ཐོག་ནས་དྲག་རྒོལ་གྱིས་མི་ལྔ་རྐྱེན་ལམ་དུ་ཕྱིན་འདུག་ལ། གཞན་ ༢༦ ལ་རྨས་སྐྱོན་ཕོག་ཡོད་པ་ས་གནས་ཡུལ་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
2025-04-15
བོད་དོན་རྒྱབ་སྐྱོར་བ་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་རི་ཆཌ་ཨམ་མི་ཏཱ་ཇི་ལགས་དགུང་ལོ་ ༧༩ ཐོག་འདས་གྲོངས་སུ་གྱུར་འདུག་ཅིང་། ཚེ་འདས་ཨ་རིའི་ཕྱི་སྲིད་དྲུང་གཞོན་ཟུར་པ་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལྷན་བོད་དོན་གླེང་སློང་གནང་ཡོད་པ་རེད།