བོད་མི་མང་དབུས་གཙང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་སྤྱི་འཐུས་དམ་འབུལ་ཞུས་པ།

2025.04.16
བོད་མི་མང་དབུས་གཙང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་སྤྱི་འཐུས་དམ་འབུལ་ཞུས་པ། བསམ་གཏན་ཆོས་སྒྲོན་ལགས་ཀྱི་བོད་མི་མང་སྤྱི་འཐུས་ཀྱི་དམ་འབུལ་བཞེས་སྐབས། ༢༠༢༥།༠༤།༡༦ ཉིན།
RFA/ Tenzin Dhonyoe

ཉེ་ལམ་བོད་མི་མང་དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་དུ་བདམས་ཐོན་བྱུང་སྟེ། ཟླ་ ༤ ཚེས་ ༧ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་དམ་འབུལ་ཞུས་པར་བརྟེན། སྒུག་ཐོའི་བང་རིམ་ལྟར་ཟླ་ ༤ པའི་ཚེས་ ༡༦ ཉིན་བོད་མི་མང་དབུས་གཙང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་མདུན་ནས་དམ་བཅའ་ཕུལ་གནང་སོང་།

WhatsApp Image 2025-04-16 at 1.38.38 PM.jpeg
བོད་མི་མང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས། ༢༠༢༥།༠༤།༡༦ ཉིན།

བོད་མི་མང་སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས་སྤྱི་འཐུས་ཀྱི་དམ་འབུལ་གྲུབ་སྟེ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ནས་རྟེན་འབྱུང་མཇལ་དར་དང་གསོལ་ཇ་འབྲས་སིལ་སོགས་གནང་རྗེས། སྤྱི་འཐུས་བསམ་གཏན་ཆོས་སྒྲོན་ལགས་ཀྱིས། ནམ་རྒྱུན་སོ་སོའི་ལས་ཀ་གང་ཞིག་བྱས་ཀྱང་བོད་སྤྱི་པའི་དོན་དུ་བསམ་པ་རྣམ་དག་གིས་ཞབས་ཞུ་སྒྲུབ་ཀྱི་ཡོད་པས། སླད་ཕྱིན་གང་ཐུབ་ཅི་ཐུབ་བྱ་འདུན་ཡོད་ཅིང་། བོད་པའི་སྤྱི་ཚོགས་ཁྲོད་ཀྱི་དཀའ་ངལ་ཅི་རིགས་ཐད་ཕན་ཐོགས་སྒྲུབ་ཆེད་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གནང་རྒྱུ་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

WhatsApp Image 2025-04-16 at 10.38.02 AM.jpeg
སྤྱི་ཁྱབ་རྩིས་ཞིབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་གསང་རྒྱའི་དམ་འབུལ་བཞེས་སྐབས། ༢༠༢༥།༠༤།༡༦ ཉིན།

ཕྱོགས་མཚུངས་སྤྱི་ཁྱབ་རྩིས་ཞིབ་པ་བཀྲ་ཤིས་སྟོབས་རྒྱལ་ལགས་ནས་ཀྱང་གཞི་རྩའི་སྤྱི་ཟླ་༤པའི་ཚེས་༧ཉིན་གྱི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་དམ་བཅའ་བླངས་ཡོད་ནའང་། དེ་རིང་ཟླ་ ༤ ཚེས་ ༡༦ ཉིན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་ལགས་ཀྱི་མདུན་ནས་གསང་རྒྱའི་དམ་འབུལ་ཞུས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎