གསར་འགྱུར་ཡིག་ཚགས།
2024-12-13
འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་ཁང་ལ་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ཡོད་པ་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།
2024-12-13
སྐབས་བཅུ་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་སྟེགས་སྟེང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གཞུང་གི་སློབ་གསོའི་སྲིད་ཇུས་བརྒྱུད་ནས་བོད་མིའི་ངོ་བོ་རྩ་མེད་དུ་གཏོང་བཞིན་པ་ནན་བརྗོད་གནང་འདུག
2024-12-13
༧གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་པ་རྣམས་ལ་དད་རྟེན་དུ་སྐུ་སྒེར་གྱི་ན་བཟའ་དང་སྟོན་པའི་སྐུ་བརྙན་བཅས་སྩལ་གནང་ཡོད་པ།
2024-12-12
རྒྱ་ནག་གིས་བོད་བཙན་བཟུང་རྗེས་བསོད་ནམས་ཆོས་འཕེལ་ལགས་མི་ལོ་ ༢༠ ལྷག་རིང་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་འཇུག་གི་དཀའ་སྡུག་མྱོང་དགོས་བྱུང་ཞིང་། གློད་བཀྲོལ་བྱུང་སྟེ་ཡུན་རིང་མ་སོང་བར་རྒྱ་གར་འཕཊ་པའི་ཡུལ་དུ་གཉེན་འཕྲད་དུ་ཕེབས་འབྱོར་བྱུང་ཡོད་པ་རེད།
2024-12-12
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་རིའི་གཞུང་འཛིན་གསར་བས་བོད་དོན་རྒྱབ་སྐྱོར་ཡོངས་ཐབས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་དང་ཕྱི་འབྲེལ་དཔོན་རིགས་བཅས་དང་མཇལ་མོལ་གནང་འདུག
2024-12-12
ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ར་སྤྲོད་བྱུང་བ་ལྟར་ཉེས་ཆད་བཀལ་བ་ལག་བསྟར་བྱེད་རྒྱུ་ཡིན་པ་མགྲིན་ཚབ་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གསལ་འདེབས་གནང་བྱུང་།
2024-12-12
རྒྱ་ནག་གིས་བསྐོ་བཞག་བྱས་བའི་པཎ་ཆེན་རྒྱལ་མཚན་ནོར་བུ་བལ་ཡུལ་ནང་ཡོང་རྒྱུར་ངོས་ལེན་རྩ་བ་ནས་མེད་ཅེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་སོང་།
2024-12-11
རྒྱ་གར་གྱི་རྒྱལ་ས་ཆེ་ཁག་ ༢༣༥ ལྷག་ནང་དགུན་ཚོང་གཉེར་མཁན་བོད་མི་ཚོས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བའི་གཟེངས་རྟགས་འབུལ་བཞེས་བྱུང་ནས་མི་ལོ་༣༥འཁོར་བའི་དུས་དྲན་སྲུང་བརྩི།
2024-12-11
དབྱིན་ཡུལ་གྱི་ (London Borough) ཞེས་པའི་མངའ་ཁུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་གསར་རྒྱག་བྱེད་རྒྱུར་ས་གནས་གྲོས་ཚོགས་ཀྱིས་ངོས་ལེན་གནང་མི་འདུག
2024-12-11
འཇམ་དབྱངས་བསྟན་འཛིན་ལགས་ཀྱི་མོན་རྟ་དབང་ནས་རྒྱལ་ས་ལྡི་ལི་བར་བོད་དོན་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།
2024-12-11
རྒྱ་རིགས་ཆོས་གྲོགས་ཚོ་ལའང་སྙིང་རྗེ་སྒོམ་ནས་བཟོད་པའི་བློ་སྐྱེས་ཡོང་དུས་སོ་སོའི་སེམས་ལ་ཞི་བདེ་སླེབས་པ་དང་། གཞན་ལའང་སེམས་ཀྱི་ཞི་བདེ་སྒྲུབ་ཚུལ་བཤད་དེ་ཕན་ཐོགས་འབྱུང་གི་འདུག་ཅེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྟོད་གྲྭ་ཚང་གི་དགེ་བཤེས་ཚོར་མཇལ་ཁའི་སྐབས་བཀའ་སློབ་སྩལ་ཡོད་པ།
2024-12-10
ཨ་རིའི་གཞུང་གིས་བོད་རྒྱའི་རྩོད་རྙོག་མ་སེལ་བར་དུ་བོད་དོན་ཕྱག་ལས་གང་མང་གནང་ཡོད་པ་ལས་ད་དུང་གནང་རྒྱུ་མང་བ་ཡོད་པ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་གསུངས་སོང་།
2024-12-10
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་མཇུག་སྡོམ་གཏམ་བཤད་སྐབས་བོད་ཀྱི་རྩ་དོན་ཆེད་དུ་ཚང་མས་ཆོད་སེམས་བརྟན་པོ་དང་རྡོག་རྩ་གཅིག་སྒྲིལ་གནང་དགོས་བ་གསུངས་སོང་།
2024-12-10
བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་འབྲེལ་བའི་དངོས་བྱུང་གློག་བརྙན་དེ་བཞིན་སུད་སི་རྒྱལ་ཡོངས་སུ་གློག་བརྙན་གྲགས་ཆེ་བ་གསུམ་པའི་ནང་ཚུད་ཡོད་པ་གློག་བརྙན་དེ་བཞིན་ཨ་རིའི་རྒྱལ་སར་གཟིགས་འབུལ་སྐབས་གློག་བརྙན་འཁྲབ་ཁྲིད་པས་གསུངས་བྱུང་།
2024-12-10
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་དང་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལྕམ་ནན་སི་པེ་ལོ་སི་ལ་ཕུལ་སོང་།