ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱི་བཙོན་ཁང་ནང་གི་མི་ཚེའི་མྱོང་བ།

2024.12.12
ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱི་བཙོན་ཁང་ནང་གི་མི་ཚེའི་མྱོང་བ། ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་འཕེལ་ལགས།
མཐུན་འགྱུར་པར་རིས།

རྒྱ་ནག་གིས་བོད་བཙན་བཟུང་རྗེས་བསོད་ནམས་ཆོས་འཕེལ་ལགས་མི་ལོ་ ༢༠ ལྷག་རིང་ཆབ་སྲིད་ཀྱི་ཉེས་མིང་འོག་བཙོན་འཇུག་གི་དཀའ་སྡུག་མྱོང་དགོས་བྱུང་ཞིང་། གློད་བཀྲོལ་བྱུང་སྟེ་ཡུན་རིང་མ་སོང་བར་རྒྱ་གར་འཕཊ་པའི་ཡུལ་དུ་གཉེན་འཕྲད་དུ་ཕེབས་འབྱོར་བྱུང་ཡོད་པ་རེད།  འོན་ཀྱང་བོད་ནང་ཕྱིར་ལོག་བྱེད་པར་སྡང་ཟུག་བྱེད་པའི་འཇིགས་སྣང་འོག་བོད་དུ་ཕྱིར་ལོག་མི་གནང་བར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་ཀྱིས་ལོ་ངོ་ཉི་ཤུ་རྩ་བརྒྱད་རིང་ཞབས་ཞུ་བསྒྲུབས་མྱོང་ཡོད་པ་རེད།  ཐེངས་འདིའི་ལེ་ཚན་ནང་།  ཆབ་སྲིད་བཙོན་ཟུར་བསོད་ནམས་ཆོས་འཕེལ་ལགས་སུ་བཙོན་ཁང་ནང་གི་མི་ཚེའི་མྱོང་བ་སོགས་དང་འབྲེལ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎