ཕྱི་ཟླ་ ༣ ཚེས་ ༡༥ ཉིན་ཨ་རིའི་སྲིད་གཞུང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་མ་དངུལ་མཁོ་སྤྲོད་མཚམས་འཇོག་གནང་པར་བརྟེན། ང་ཚོའི་ལས་དོན་རྣམས་ལས་བྱེད་ཉུང་ཤས་ཤིག་གིས་་སྒྲུབ་བཞིན་ཡོད་ལ། ང་ཚོའི་དྲྭ་རྒྱ་དང་སྤྱི་ཚོགས་དྲྭ་རྒྱའི་སྟེང་གནས་ཚུལ་ཉུང་ཤས་འགོད་རྒྱུ་ཡིན། ཁྱེད་ཚོས་མུ་མཐུད་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་སྲིད་བློན་ (Mark Carney) ལགས་སུ་ཁོང་གི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཁེ་ན་ཌའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཞིང་། སྲིད་བློན་གསར་པའི་དབུ་ཁྲིད་འོག་ཁྱབ་ཁོངས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་དང་། ཞི་བདེ་ལྡན་པའི་གོ་ལ་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
ཟླ་འདིའི་ནང་ཨ་རིས་རྒྱ་ནག་གི་ནང་འདྲེན་ཅ་དངོས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༤༥ བཀལ་བའི་ཡ་ལན་དུ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་བརྒྱ་ཆ་ ༡༢༥ བར་བཀལ་བ་སོགས། ཨ་རྒྱ་གཉིས་དབར་ཚོང་དམག་གི་ཛ་དྲག་གནས་སྟངས་ཀྱི་དུས་སྐབས་འདིར། རྒྱ་ནག་གཞུང་ངོས་ནས་གལ་ཏེ་ཨ་རིས་རྒྱ་ནག་དང་ཚོང་འབྲེལ་གྲོས་མོལ་བྱས་ཚེ་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།

- ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
- བཙན་བྱོལ་བོད་མིའི་སློབ་གྲྭ་ཟླ་སྒྲིལ་ཚོགས་ཆུང་བསྐོ་འཛུགས་ཀྱིས་སློབ་གྲྭ་ཟླ་སྒྲིལ་གཏང་རྒྱུའི་འཆར་འགོད་གནང་བཞིན་འདུག
- ཨ་རིའི་ཕྱི་སྲིད་དྲུང་ཆེས་ཕྱི་སྲིད་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་འཆར་འགོད་གསར་པ་ཞིག་གི་འོག་འགྲོ་བ་མིའི་ཐོབ་ཐང་སོགས་ཚན་པ་མང་དག་ཅིག་གི་ལས་དོན་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས་གནང་འདུག
- ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ཇེ་ཊི་ཝེན་སི་མཆོག་གིས་རྒྱ་གར་ནང་གཟིགས་སྐོར་དང་ཆབས་ཅིག རྒྱ་གར་གྱིས་རྒྱ་ནག་ནས་ནང་འདྲེན་གྱི་དྭངས་ལྕགས་རིགས་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢ སྤར་ཡོད་པ།
- ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག