གསར་འགྱུར་ཡིག་ཚགས།
2024-08-23
རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཊིག་ཊོག་དེ་བལ་ཡུལ་ནང་བསྐྱར་དུ་གློད་དགོས་བྱུང་བ་ནི། རྒྱ་ནག་གཞུང་གིས་སྐྱོན་འཛུགས་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་གསུངས་པ།
2024-08-23
ཐང་ཀའི་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་དང་སོག་པོ་དབར་གྱི་རི་མོའི་སྒྱུ་རྩལ་སོགས་ཀྱི་ཐད་སྟོང་ཆ་བསྐང་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་བྱུང་།
2024-08-22
ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༨ ཚེས་ ༢༢ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་དང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ཨཱ་ཛ་ར་ཛེ་ཡཱ་ (Uzra Zeya) མཆོག་ནིའུ་ཡོག་ཏུ་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་ཅིང་། ཁོང་དང་ལྷན་དུ་ཨ་མི་རི་ཀའི་ཕོ་བྲང་དཀར་པོ་ནས་ཨ་རིའི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ངེས་སྟོན་པ་བགྲེས་པ་ཁེ་ལི་རཱ་ཛུ་ཁ་ (Kelly Razzouk) ལྷན་བཅར་ཞུས་ཡོད་འདུག
2024-08-22
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་ནིའུ་ཡོག་ཏུ་མི་གྲངས་ ༡༧༠༠༠ ལྷག་གིས་བརྟན་བཞུགས་བསྟར་འབུལ་སྐབས། བོད་རྒྱ་ཆེ་མི་མང་གིས་རེ་འདུན་བསྒྲུབ་སླད་༧གོང་ས་མཆོག་ལོ་བརྒྱ་ཕྲག་སྐུ་འཚོ་བཞུགས་གནང་རྒྱུ་ཡིན་པའི་ཞལ་བཞེས་གནང་སོང་།
2024-08-22
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་དང་འབྲེལ་བའི་ཚོགས་འདུ་མང་དག་ཅིག་ཚོགས་ཀྱི་ཡོད་པ་དེ་དག་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་དྲིལ་བསྒྲགས་ཙམ་ཡིན་ཞེས་གསུངས་པ།
2024-08-21
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གིས་བོད་ནང་མུ་མཐུད་དུ་ཆོས་དད་རང་དབང་ཐད་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད་བྱས་ནས་རྒྱལ་སྤྱིའི་སྟེང་དེའི་ཐད་ལས་དོན་སྤེལ་དགོས་པའི་འབོད་སྐུལ་བྱས་འདུག
2024-08-21
བོད་དང་ས་འབྲེལ་ཡིན་པ་རྒྱ་མཚོ་ནས་མཐོ་ཚད་Ft,༡༢༤༦༧་སར་ཡོད་པའི་རི་བོ་ཇོ་མོ་གླང་མའི་རི་གཤམ་དུ་ཆགས་པའི་ཤར་པའི་གྲོང་གསེབ་ཐང་སྨད་ལ་ཕྱི་ཟླ་༨་ཚེས་༡༦གྱི་ཉིན་གུང་ཡོལ་ཙམ་ལ་འཁྱགས་རོམ་གྱི་མཚོ་ཞིག་རྒྱས་ནས་ཆུ་ལོག་དང་ས་རུད་རྒྱབ་པའི་རྐྱེན་གྱིས་མི་གྲངས་༦༠་ཙམ་ས་གནས་གཞན་ལ་གནས་སྤོར་བྱེད་དགོས་བྱུང་བ་དང་། མགྲོན་ཁང་དང་སྨན་ཁང་གཙོས་པའི་ཁང་པ་བཅུ་གྲངས་ཤིག་ལ་གཏོར་སྐྱོན་ཐེབས་འདུག
2024-08-21
བོད་ཕྱོཊ་ནས་ས་མཚམས་བརྒལ་ཏེ་གཡག་༤༠ཙམ་རྒྱ་གར་ཕྱོགས་ཀྱི་མཛོ་མོ་ལུང་ཡུལ་གཤོངས་ཞེས་པའི་ལ་དྭགས་ཀྱི་བདེ་མཆོག་གི་འབྲོག་པའི་གཡག་འཚོ་ཡུལ་དུ་འཛུལ་པར་ཡུལ་མི་ཚོས་ཕྱིར་སློག་བྱས་འདུག
2024-08-21
སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་ནང་པའི་ལྟ་གྲུབ་དང་སྒོམ་གྲུབ་ཉམས་ལེན་གནང་སའི་མཐུན་རྐྱེན་སྐྲུན་ཡོད་་པར་མ་ཟད། འཁོར་གཡུག་སྔོ་ལྗང་ངམ་“Go Green”ཞེས་པའི་ལས་གཞིའི་ནང་དུ་ལག་ལེན་དངོས་སུ་བསྟར་བཞིན་ཡོད་པ།
2024-08-21
ཉི་འོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་མཐོ་སློབ་ནང་བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་གཙོས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གསུང་བཤད་གནང་བ།
2024-08-21
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱལ་སྤྱིའི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་ཆེད་མཁས་པ་གདན་ཞུས་ཐོག་འབྱུང་འགྱུར་ལོ་ལྔའི་ནང་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ཇུས་སྐོར་གྱི་ཚོགས་འདུ་ཟབ་སྦྱོང་ཞིག་གནང་བཞིན་པ།
2024-08-20
རྒྱ་གར་པཱན་འཇབ་གཙུག་ལག་སློབ་གཉེར་ཁང་དུ་༧གོང་ས་༧ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་མཁས་པའི་གཏམ་བཤད་ཀྱི་དམིགས་བསལ་ས་མིག་ཞིག་གསར་འཛུགས་བྱ་རྒྱུ་རེད་འདུག
2024-08-20
བོད་མི་མང་སྤྱི་འཐུས་བཞི་ཡིས་ Philadelphia གྲོང་ཁྱེར་ནང་གནས་བཞུགས་ཐུབ་བསྟན་ཆོས་ཉིད་ལགས་ཀྱིས་བོད་རང་དབང་གི་ལས་འགུལ་ནང་ཕྱི་ཟླ་༨ ཚེས་༡༠ཉིན་ལྷན་བཞུགས་གནང་བ།
2024-08-20
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་གྲུབ་པའི་མཚམས་འདིར་བྱང་ཨ་རིའི་བོད་མི་ཚོས་ཚེས་༢༢ཉིན་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ།
2024-08-20
རྒྱ་ནག་གི་མི་སེར་ཡིན་པ་ཚོས་ཕོལོ་རི་ཌ་མངའ་སྡེ་རུ་ས་ཆ་ཉོ་མི་ཆོག་པའི་ཕོལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་ Ron DeSantis ལགས་ཀྱིས་བཏོན་པའི་ཁྲིམས་ལུགས་ལ་ཨ་རིའི་མི་སེར་ཡིན་པའི་ཨེ་ཤེ་ཡ་མི་རིགས་རྣམས་ཀྱིས་དགའ་མོས་བྱེད་མེད་པ།