ཇོ་མོ་གླང་མའི་རི་གཤམ་དུ་འཁྱགས་རོམ་བཞུས་ནས་ཆུ་ལོག་བརྒྱབ་པ།

2024.08.21
ཇོ་མོ་གླང་མའི་རི་གཤམ་དུ་འཁྱགས་རོམ་བཞུས་ནས་ཆུ་ལོག་བརྒྱབ་པ།
ཨེ་པི།

ཨིན་ཇིའི་བྷི་བྷི་གསར་ལས་ཁང་གིས་ཚེས༢༠ཉིན། གནས་ཚུལ་སྤེལ་དོན་ལྟར་ན་ཐང་སྨད་ཤར་པའི་གྲོང་གསེབ་དེ་ནི་གངས་རི་ཇོ་མོ་གླང་མའི་རི་རྩེར་ཐོག་མར་ Edmund Hillaryཡི་མཉམ་དུ་འཛེགས་མཁན་ཤར་པ་བསྟན་འཛིན་ནོར་རྒྱས་དམ་པ་དེ་གཙོས་པའི་འཛམ་གླིང་ནང་གི་རི་འཛེག་པ་ཤར་པ་སྙན་གྲགས་ཅན་མང་པོ་འཁྲུངས་སའི་གྲོང་གསེབ་དེ་ཡིན་འདུག དུས་རྒྱུན་གྲོང་གསེབ་དེའི་ནང་མི་གྲངས་༣༠༠ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་རེད། ད་ཐེངས་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་བྱུང་རྗེས་སུ་མ་འོངས་བར་གྲོང་གསེབ་དེའི་ནང་ཉེན་ཁ་མེད་པར་གནས་སྡོད་ཐུབ་རྒྱུ་ཡིན་མིན་དོགས་པ་བྱེད་བཞིན་འདུག བལ་ཡུལ་གྱི་རི་འཛེག་ཚོགས་པའི་ཚོགས་གཙོ་ཟུར་པ་ཨང་ཚེ་རིང་ཤར་པ་ལགས་ཀྱིས་ཆུ་ལོག་དེ་ཉིན་གུང་བྱུང་བར་བརྟེན་གྲོང་གསེབ་དེའི་ནང་མི་ཤི་རྨས་ཀྱི་སྐྱོན་བྱུང་མེད་པ་དང་གལ་ཏེ་མཚན་མོར་ཆུ་ལོག་དེ་བྱུང་ཡོད་ཚེ་མི་གྲངས་༢༠༠ནས་༣༠༠བར་གྱི་ཚེ་སྲོག་ཤོར་རྒྱུ་ཡིན་ལུགས་གསུངས་འདུག ཡང་ཐང་སྨད་གྲོང་གསེབ་ནང་སྐྱེས་པ་དབྱངས་ཇི་སྒྲོལ་མ་ཤར་པ་ཞུ་བས་དུས་ད་ལྟའི་ཆར་ཡང་གྲོང་གསེབ་དེའི་མི་མང་རྣམས་ཧ་ལས་ཧོན་འཐོར་ནས་བསྡད་ཡོད་པ་དང་ཕན་ཚུན་སྐད་ཆ་བཤོད་སྐབས་མིག་ཆུ་གཏོང་བཞིན་དུ་བཤད་ཀྱི་ཡོད་སྐོར་གསུངས་འདུག ཡང་པ་སངས་ཤར་པ་ཞུ་བས་ཐང་སྨད་གྲོང་གསེབ་དེའི་ཆ་ཤས་ཤིག་ཆུ་ལོག་གིས་འཁྱེར་ན་ཡང་ཁོང་རང་གཙོས་པའི་གྲོང་གསེབ་པ་རྣམས་རི་མཐོ་སར་བྲོས་ནས་སྲོག་ཐར་བྱུང་ཡོད་སྐོར་གསུངས་འདུག ད་དུང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་ལ་མཁྱག་རོམ་གྱི་མཚོ་དང་ཚེའུ་མང་པོ་ཡོད་པས་ན་དེ་དག་གི་ཆུ་རྒྱས་ནས་ད་རེས་ཐང་སྨད་ལ་བྱུང་བ་ལྟར་རྐྱེན་ངན་ཚབས་ཆེ་ཡོང་བའི་ཉེན་ཁ་ཡོད་སྐོར་དབྱིན་ཇིའི་བྷི་བྷིས་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎