༧གོང་ས་༧ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་མཁས་པའི་གཏམ་བཤད་ཀྱི་དམིགས་བསལ་ས་མིག་བསྐྲུན་པ།

2024.08.20
༧གོང་ས་༧ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་མཁས་པའི་གཏམ་བཤད་ཀྱི་དམིགས་བསལ་ས་མིག་བསྐྲུན་པ།
ཨེ་པི།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་རྒྱལ་སྤྱིའི་ཀུན་ཁྱབ་འགན་འཁུར་ཚོགས་པ་ (Foundation for Universal Responsibility) ཞེས་པ་དང་རྒྱ་གར་གྱི་པཱན་འཇབ་གཙུག་ལག་སློབ་གཉེར་ཁང་ (PU) གཉིས་ཀྱི་དབར་ལ་གྷན་དྷི་དང་ཞི་བདེའི་ཞིབ་འཇུག་སྡེ་ཚན་ནང་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དམིགས་བསལ་ས་མིག་ཅིག་འཛུགས་རྒྱུར་མོས་མཐུན་ཡིག་ཆར་མཚན་རྟགས་སྐྱོན་ཡོད་འདུག
དེ་ཡང་ པཱན་འཇབ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་སློབ་དཔོན་ རི་ནུ་ ཝིག་ (Renu Vig) ལགས་ཀྱིས་དེ་འདྲའི་དམིགས་བསལ་ས་མིག་བཙུགས་དགོས་པ་དེ་གཙོ་བོ་རྒྱ་གར་དང་བོད་ཀྱི་གནའ་བོའི་རིག་གཞུང་རྩ་ཆེན་ཞིག་ཡོད་པ་དེ་དག་སྲུང་སྐྱོབ་དར་སྤེལ་གནང་སྟེ་ལྟ་གྲུབ་དང་། ལོ་རྒྱུས། ཆོས་ཕྱོགས་ཀྱི་བསླབ་བྱ་བཅས་ཁྱབ་སྤེལ་གཏོང་རྒྱུར་དམིགས་པ་ཡིན་སྐོར་གསུངས་པ་དང་། ༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་བཀའ་ཆོས་གནང་པ་དང་ལྟ་གྲུབ་བཅས་པ་ལྡིངས་ཆ་དའེི་བརྒྱུད་ནས་ཁྱབ་སྤེལ་གནང་རྒྱུ་དང་། ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཀྱི་དགོངས་པ་དང་། རང་ངོ་རང་ཤེས་ཀྱི་དགོངས་པ་ཁག་གཙུག་ལག་སློབ་ཁང་གི་དགེ་སློབ་དང་ལས་བྱེད་ཙམ་མ་ཟད། སྤྱི་ཚོགས་གཞན་གྱི་ནང་དུའང་ཁྱབ་སྤེལ་གནང་རྒྱུ་དེ་ཡིན་སྐོར་གསུངས་པ་ Tribune གསར་ཁང་གིས་ལུང་འདྲེན་བྱས་འདུག
གྷན་དྷི་དང་ཞི་བདེའི་ཞིབ་འཇུག་སྡེ་ཚན་གི་འགན་འཛིན་སློབ་དཔོན་ཨཱ་ཤུ་ པསི་རི་ཅ་ ལགས་ཀྱིས་མོས་མཐུན་ཡིག་ཆ་དེའི་བརྒྱུད་ནས་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་། སྤྱི་ཚོགས། སེམས་མྱོང་དང་བཟང་སྤྱོད་བཅས་ཀྱི་དགོངས་པ་ཁག་འཚོལ་ཞིབ་བྱ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།
ས་མིག་དེའི་དགོས་དམིགས་གཙོ་བོ་ནི། མཚན་ཉིད་རིག་པ་དང་ལོ་རྒྱུས་དང་ཆོས་ལུགས་རིག་པའི་ཞིབ་འཇུག་ཁྱབ་སྤེལ་ཆེད་ཧིན་བོད་ཀྱི་ཤེས་དཔལ་རིག་གནས་དང་། ཤུལ་བཞག་རིག་གནས་དར་སྤེལ་དང་སྲུང་སྐྱོབ་བྱེད་ཆེད་ཡིན་པ་དང་། དམིགས་བསལ་མཁས་པ་མགྲོན་འབོད་ཀྱི་ལས་རིམ་དེས་༧ཏཱ་ལའི་བླ་མའི་བཀའ་སློབ་དང་ལྟ་གྲུབ་ཁྱབ་སྤེལ་ཞུས་ཏེ་སློབ་ཕྲུག་དང་དགེ་རྒན། དམིགས་བསལ་དེང་རབས་ཀྱི་གནད་དོན་ལ་ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་ལན་འདེབས་བྱེད་པ་དང་། བོད་དང་པཱ་ལིའི་ནང་བསྟན་གྱི་དཔེ་རྙིང་སློབ་སྦྱོང་། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་དང་བཟོ་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཤེས་ལྡན་པ་སྣ་ཚོགས་ཕེབས་པའི་ཡིད་ཆེས་ཡོད་ཅེས་བརྗོད་འདུག

གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎