བོད་ཕྱོཊ་ནས་ས་མཚམས་བརྒལ་ཏེ་གཡག་ ༤༠ ཙམ་རྒྱ་གར་ནང་འཛུལ་བ།

2024.08.21
བོད་ཕྱོཊ་ནས་ས་མཚམས་བརྒལ་ཏེ་གཡག་ ༤༠ ཙམ་རྒྱ་གར་ནང་འཛུལ་བ།
མི་སེར་གྱི་འདྲ་པར།

ཕྱི་ཟླ་ ༨ ཚེས་ ༡༨ཉིན་བོད་ཕྱོཊ་ནས་ས་མཚམས་བརྒལ་ཏེ་གཡག་ ༤༠ ཙམ་རྒྱ་གར་ཕྱོགས་ཀྱི་མཛོ་མོ་ལུང་ཡུལ་གཤོངས་ཞེས་ལ་དྭགས་ཀྱི་བདེ་མཆོག་གི་འབྲོག་པའི་གཡག་འཚོ་ཡུལ་དུ་འཛུལ་པར་ཡུལ་མི་ཚོས་ཕྱིར་སློག་བྱས་འདུག འདི་སྐོར་ལ་དྭགས་དང་བོད་ཀྱི་མཐའ་མཚམས་འཁེལ་བའི་ཆུ་ཤུལ་རྫོང་གི་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ཕྱོགས་ནས་རྒྱ་གར་ས་ཐོག་ཏུ་གཡག་ ༤༠ ཙམ་འཛུལ་ཡོད་པ་གཟའ་ཉི་མ་ཉིན་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང་། འདི་ནི་བོད་ཕྱོགས་ནས་རྒྱ་གར་ཕྱོགས་ཀྱི་མཛོ་མོ་ལུང་ཡུལ་གཤོངས་ཞེས་པའི་ལ་དྭགས་ཀྱི་བདེ་མཆོག་གི་འབྲོག་པའི་གཡག་འཚོ་ཡུལ་དུ་འཛུལ་པ་ད་རེས་ཐེངས་ ༢ པ་ཆགས་ཡོད་པ་དང་། ལ་དྭགས་ཀྱི་འབྲོག་པ་ཚོས་རྒྱ་ནག་ཕྱོགས་ནས་ཆེད་མངགས་གཡག་རྒྱ་གར་གྱི་ས་ཐོག་ཏུ་བཏང་པ་མིན་ནམ་སྙམ་པའི་དྭོགས་པ་བྱེད་ཀྱི་ཡོད་པ་དྲན་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།


ཆུ་ཤུལ་རྫོང་གི་འཐུས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་མུ་མཐུད་དུ་གསུང་ན། བོད་ཕྱོགས་ནས་རྒྱ་གར་གྱི་ས་མཚམས་བཅད་ཐིག་བརྒལ་ཏེ་འཛུལ་པའི་གཡག་དེ་དག་བདེ་མཆོག་ནས་ཉིན་གཅིག་རིང་བཀག་ཉར་བྱས་རྗེས་ལ་དྭགས་ཀྱི་འབྲོག་པ་ཚོས་རྣམ་འགྱུར་བཟང་པོའི་འོག་གློད་ཡོད་པ་དང་། ལོ་འགའི་སྔོན་ལ་ལ་དྭགས་ཀྱི་འབྲོག་པའི་སྒོ་ཕྱུགས་མང་པོ་ཞིག་བོད་ནང་དུ་ཤོར་ནའང་། ཕྱིར་སློག་བྱས་མེད་ལ། ལ་དྭགས་ཀྱི་འབྲོག་པ་ཚོར་དེའི་གུན་གསབ་ཀྱང་སྤྲད་མེད་པས་སྒོ་ཕྱུགས་རང་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་འབྲོག་པ་ཚོར་གྱོང་གུན་ཆེན་པོ་ཞིག་ཡིན་པ་གསུངས་ཤིང་། གཞུང་ཕྱོགས་ནས་འདི་འདྲའི་སྐབས་སུ་སྒོ་ཕྱུགས་ཕྱིར་སློག་བྱེད་རྒྱུའི་ལམ་སྟོན་ཞིག་གཏན་འབེབས་བྱ་དགོས་པ་རེད་ཅེས་རེ་འདུན་བཏོན་གྱི་འདུག

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་པདྨ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎