རྒྱ་ནག་མི་སེར་ཚོས་ས་ཕོལོ་རི་ཌ་མངའ་སྡེ་རུ་ས་ཆ་ཉོ་མི་ཆོག
ཕོལོ་རི་ཌ་མངའ་སྡེའི་འཇེག་སན་ཝིལ་ (Jacksonville) ས་ཁུལ་གྱི་རྒྱ་རིགས་ཚོང་ལས་གཉེར་མཁན་ཝན་རཡེཊི་ (Wen Raiti) ཟེར་བ་ཞིག་གིས། སྤྱིར་ཁོ་མོ་ལོ་ངོ་བཅུ་ལྷག་གི་གོང་ནས་ཨ་རིའི་སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཡིན་ནའང་། ཕོལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་རཱོན་ཌིསེན་ཊིསི་ (Ron DeSantis) ལགས་ཀྱིས་བཏོན་པའི་རྒྱ་ནག་གི་མི་སེར་ཡིན་པ་ཚོས་ཕོལོ་རི་ཌ་མངའ་སྡེ་རུ་ས་ཆ་ཉོས་མི་ཆོག་པའི་ཁྲིམས་ལུགས་བཏོན་པའི་རྗེས་སུ་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་དུ་གྱུར་ཡོད་པའི་སྐོར་ལུང་འདྲེན་གྱིས། ཁྲིམས་ཡིག་དེ་ལ་ཨ་རིའི་མི་སེར་ཡིན་པའི་ཨེ་ཤེ་ཡའི་མི་རིགས་ཀྱིས་དགའ་བོ་བྱེད་ཀྱི་མེད་པའི་སྐོར་ NBC གསར་འགྱུར་ལས་ཁང་གི་དྲྭ་རྒྱའི་སྟེང་ཕྱི་ཟླ་ ༨ ཚེས་ ༡༩ ཉིན། ཀེལེར་ཝང་ (Claire Wang) ཟེར་བ་ཞིག་གིས་རྩོམ་ཐུང་ཞིག་སྤེལ་བའི་ནང་བཀོད་ཡོད་འདུག
གནས་ཚུལ་ནང་ད་དུང་། ས་ཁུལ་དེའི་འབྲེལ་ཡོད་རྩ་འཛུགས་པས་མངའ་སྡེ་དེའི་གྲོས་ཚོགས་ཀྱིས་ཁྲིམས་གཞི་ ༢༦༤ པ་བཏོན་པའི་དབང་གིས། མངའ་ཁུལ་དེའི་ཨ་རིའི་མི་སེར་ཡིན་པའི་རྒྱ་མི་རིགས་རྣམས་ཁོང་ཁྲོ་ལངས་ཏེ། ཕྱི་ཟླ་ ༨ ཚེས་ ༢༠ གོང་འདེམས་བསྐོ་མ་བྱས་པའི་སྔོན་ལ། ཨ་རིའི་མི་སེར་གྱི་གནས་བབ་ལྡན་པའི་རྒྱ་མི་རིགས་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་རྣམས་དམངས་གཙོ་ཚོགས་པར་བསྒྱུར་རྒྱུའི་སྐུལ་མ་བྱེད་བཞིན་ཡོད་ཚུལ་བཀོད་ཡོད་འདུག
འབྲེལ་ཡོད་གནས་ཚུལ་དཔྱད་བརྗོད་པས། སྤྱིར་རྩོམ་ཡིག་དེར་ཨེ་ཤེ་ཡའི་མི་རིགས་ཞེས་བཏོན་པ་ལས། དོན་དུ་རྩོམ་ཡིག་དེ་འབྲི་མཁན་ཡང་ ཀེལེར་ཝང་ (Claire Wang) ཟེར་བའི་རྒྱ་རིགས་ཤིག་ཡིན་པ་དང་རྒྱ་རིགས་འདུས་སྡོད་ཀྱི་ས་ཁུལ་མང་པོར་ཨ་རིའི་མི་སེར་ཡིན་པའི་རྒྱ་རིགས་ཀྱི་ཚོགས་པ་ཁག་ཅིག་གིས། ཨ་རིའི་མི་སེར་དང་རང་དབང་གི་ཐོབ་ཐང་བེད་སྤྱོད་བྱས་ནས་ཨ་རིའི་འོས་བསྡུའི་འདེམས་བསྐོ་དང་དམངས་གཙོའི་སྒྲིག་གཞི་ལ་གཏོར་བརླག་བྱེད་མཁན་ཡང་མང་པོ་བྱུང་མྱོང་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་འདུག
གསར་འགོད་པ། ཀེ་ཐོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།