རྒྱ་ནག་གིས་ཀཤ་མིར་དོན་རྐྱེན་དང་འབྲེལ་ཞིབ་འཇུག་ཚད་ལྡན་དགོས་སྐོར་བརྗོད་བཞིན་པ་ནི་རྒྱ་ནག་གིས་གཉེར་བཞིན་པའི་བྱ་གཞག་དང་འགལ་ཟླར་འགྲོ་བཞིན་ཡོད་པ། ཉམས་ཞིབ་པས་གསུངས་འདུག

2025.04.30
རྒྱ་ནག་གིས་ཀཤ་མིར་དོན་རྐྱེན་དང་འབྲེལ་ཞིབ་འཇུག་ཚད་ལྡན་དགོས་སྐོར་བརྗོད་བཞིན་པ་ནི་རྒྱ་ནག་གིས་གཉེར་བཞིན་པའི་བྱ་གཞག་དང་འགལ་ཟླར་འགྲོ་བཞིན་ཡོད་པ། ཉམས་ཞིབ་པས་གསུངས་འདུག རྒྱ་གར་བྱང་ཕྱོགས་ཇམ་མུ་དང་ཀཤ་མིར། ༢༠༢༥།༠༤།༢༥ ཉིན།
Reuters

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Jawaharlal Nehru University (JNU) གཙུག་ལག་སློབ་གཉེར་ཁང་གི་རྒྱ་ནག་རིག་པའི་སློབ་དཔོན་དང་ཤར་ཨེ་ཤེ་ཡའི་ཞིབ་འཇུག་ལྟེ་གནས་ཁང་གི་ཚོགས་གཙོ་ (Srikanth Kondapalli) ལགས་ཀྱིས། ཟླ་ ༤ ཚེས་ ༣༠ ཉིན་ཁོང་གིས་ ANI གསར་ཁང་གི་བཀའ་འདྲིར་ལན་འདེབས་བརྒྱུད། རྒྱ་ནག་གིས་རྒྱ་གར་གྱི་སྲིད་བློན་མོ་དྷིའི་ཀཤ་མིར་གྱི་དོན་རྐྱེན་ལ་ཞིབ་འཇུག་ཚད་ལྡན་དགོས་སྐོར་བརྗོད་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གཞུང་ངོས་ནས་ (Urumqi) དོན་རྐྱེན་དང་། ཏོག་དབྱིབས་གཉེན་རིམས་ཀྱི་འབྱུང་ཁུངས་ཐད་རྒྱལ་སྤྱིའི་ཞིབ་འཇུག་མི་སྣར་ཞིབ་འཇུག་ཚད་ལྡན་གྱི་ཆོག་མཆན་སྤྲད་མེད་པ་ནི། རྒྱ་ནག་གཞུང་ནས་གཉེར་བཞིན་པའི་ལས་དོན་དང་འགལ་ཟླར་འགྲོ་བཞིན་ཡོད་པ་གསལ་སྟོན་གནང་འདུག

མ་ཟད་ཁོང་གིས། ཉེ་ལམ་རྒྱ་གར་དང་པ་ཀིས་ཐན་དབར་ཀཤ་མིར་དོན་རྐྱེན་ཁྲོད། རྒྱ་ནག་གཞུང་གི་མགྲིན་ཚབ་པས་རྐྱེན་འདས་སུ་སོང་བ་རྣམས་ལ་མྱ་ངན་ཡོད་ཅེས་བརྗོད་ཡོད་པ་ལས། རྒྱ་གར་གཞུང་ལ་དམིགས་བསལ་རྒྱབ་སྐྱོར་ཡོད་སྐོར་བརྗོད་མེད་པའི་ཁར། དེ་ལས་ལྡོག་སྟེ་འདི་ཚེས་ ༢༧ ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་པ་ཀིས་ཐན་གྱི་ཕྱི་སྲིད་བློན་ཆེན་དང་སྐད་ཆ་བྱུང་སྟེ། སྐབས་དེར་རྒྱ་ནག་གཞུང་གིས་དོན་རྐྱེན་དེའི་ཐད་ཞིབ་འཇུག་ཚད་ལྡན་དགོས་སྐོར་བརྗོད་ཡོད་པ་ནི་ཡ་མཚན་དགོས་པ་ཞིག་ཡིན་དགོས་དོན་ནི། དེ་སྔ་ཕྱི་ལོ་ ༢༠༠༩ ལོར་ (Urumqi) དོན་རྐྱེན་བྱུང་སྐབས་སུ་རྒྱ་ནག་གཞུང་ངོས་ནས་རྒྱལ་སྤྱིའི་ཞིབ་འཇུག་མི་སྣ་དོན་རྐྱེན་བྱུང་ཡུལ་ས་གནས་སུ་བསྐྱོད་རྒྱུའི་ཆཽག་མཆན་སྤྲད་མེད་ལ། རྒྱ་ནག་ཏུ་ཏོག་དབྱིབས་གཉེན་རིམས་ཁྱབ་གདལ་སོང་བའི་དུས་སྐབས་སུའང་ཞིབ་འཇུག་བྱེད་དུ་བཅུག་མེད་སྐོར་སོགས་གསལ་སྟོན་གནང་ཡོད་འདུག

རྒྱ་ནག་གི་བསམ་འཆར་དེ་ནི་རྒྱ་གར་ལ་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་གཅོག་པའི་ལས་དོན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ལ་ཞུ་གཏུག་སོགས་ཀྱི་གནད་དོན་ལ་འགོག་རྐྱེན་བཟོ་རྒྱུ་དེ་ཡིན་པ་གསལ་སྟོན་དང་སྦྲགས། དེ་ནི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡིས་ནས་པ་ཀིས་ཐན་དུ་གནམ་གཤིས་དང་འབྲེལ་བའི་གཏམ་བཤད་སོགས་ལས། རྒྱ་ནག་ནི་འཇིགས་སྐུལ་རིང་ལུགས་སོགས་ལ་ཁ་གཏད་གཅོག་ཐབས་ཐད་རོགས་སྐྱོར་བྱ་རྒྱུ་མིན་པ་གསལ་པོར་རྟོགས་ཐུབ་པ་ཡིན་ཞེས་གསུངས་འདུག

རྩ་བའི་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༢ ཉིན་རྒྱ་གར་བྱང་ཕྱོགས་ཇམ་མུ་དང་ཀཤ་མིར་མངའ་སྡེའི་པ་ཧལ་གམ་ས་གནས་སུ་དྲག་སྤྱོད་པའི་རྒོལ་རྡུང་འོག་མི་སྣ་ ༢༦ དམར་གསོད་དང་། གཞན་མང་པོར་རྨས་སྐྱོན་ཕོག་པར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་ཕྱི་ཚེས་ ༢༤ ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་མི་རྣམས་ནས་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎