ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག

2023.11.30
ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཆེད་བཅར་གྱིས་གཏམ་བཤད་གནང་སྐབས། ༡༡།༢༩།༢༠༢༣
@UnderSecStateJ

དེ་ཡང་སྤྱི་ཟླ་༡༡པའི་ཚེས་༢༨ནས་༣༠བར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་དུ་ཡུལ་དེའི་ཕྱི་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་(International Religious Freedom or Belief Alliance Conference)་ཞེས་རྒྱལ་སྤྱིའི་ཆོས་དད་རང་དབང་དང་ཡིད་ཆེས་མཐུན་གྲོས་ལྷན་ཚོགས་ཐེངས་བཞི་པ་འཚོགས་བཞིན་པ་དང་བསྟུན། སྤྱི་ཚེས་༢༩ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་(Dalai Lama’s Vision)་ཞེས་པའི་བརྗོད་གཞིའི་འོག་ཟུར་ཚོགས་ཤིག་གནང་བའི་ཐོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་ཆེད་བཅར་གྱིས་གཏམ་བཤད་གནང་སྐབས། ང་ཚོས་མུ་མཐུད་དུ་རྒྱལ་སྤྱིའི་མཐུན་སྒྲིལ་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། བོད་མི་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་ལ་སྲུང་སྐྱོབ་བྱེད་རྒྱུར་རྒྱབ་སྐྱོར་ཡོད། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་༧གང་ཉིད་ཀྱི་སྐུ་ཚབ་དང་ལྷན་ཐད་ཀར་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་གི་ཡོད་ཅེས་གསུངས་འདུག
ད་དུང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་གསུངས་ཤིང་། ཞི་བདེའི་ངོ་བོ་མཚོན་པའི་བོད་བརྒྱུད་ནང་ཆོས་དེ་རྒྱ་ནག་དམར་ཤོག་ཚོགས་པས་ཉེན་ཚབས་ཅན་ལ་ངོས་འཛིན་གྱིས་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད། བོད་བརྒྱུད་ནང་ཆོས་དེ་རྒྱ་ནག་ཅན་དུ་བསྒྱུར་བཞིན་ཡོད་པ་སོགས་ཀྱི་ཐད་སྐྱོན་བརྗོད་གནང་པ་དང་། ཨ་རིའི་གཞུང་གིས་བོད་དོན་ཐོག་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་ཡོད་པ་དང་། དེའི་སྒྲུབ་བྱེད་དུ་རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ནས་བོད་མིའི་ངོ་བོ་རྩ་མེད་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་དང་འབྲེལ་ཉེ་ལམ་དེ་འབྲེལ་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ལ་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་བྱས་པ་སོགས་ལུང་འདྲེན་གནང་འདུག

International Religious Freedom or Belief Alliance Conference1.jpg
ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་(Prague)་དུ་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་དང་ཡིད་ཆེས་མཐུན་གྲོས་ལྷན་ཚོགས་ཐེངས་བཞི་པའི་ཐོག རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་བོད་ནང་གི་ཆོས་དད་རང་དབང་ཐད་ཀྱི་དཀའ་ངལ་དང་དེ་འབྲེལ་གྱི་འཐབ་རྩོད་གནས་སྟངས་སོགས་ངོ་སྤྲོད་གཏམ་བཤད་གནང་ཞོར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བོད་ནང་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་ཡོང་ཐབས་སུ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག
ལྷན་ཚོགས་དེའི་ཐོག་ཚོགས་མི་རྒྱལ་ཁབ་༣༧གྱི་སྐུ་ཚབ་དང་། རྟོག་ཞིབ་རྒྱལ་ཁབ་༣བཅས་ཁྱོན་རྒྱལ་ཁབ་༤༠ཡི་སྐུ་ཚབ་ཕེབས་ཡོད་པའི་ཁྲོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་། བུ་ཆུང་ཚེ་རིང་ལགས། དེ་བཞིན་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་(Vincent Metten)་ལགས། སྤྱི་ཟུར་བསྟན་འཛིན་དབང་པོ་བཀྲས་མཐོང་ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས། བདེ་ཆེན་སྤེན་པ་ལགས་སོགས་བོད་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ལྷན་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད།


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎