ཆོས་དད་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འབོད་སྐུལ་གནང་འདུག

2024.10.29
ཆོས་དད་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འབོད་སྐུལ་གནང་འདུག ཆོས་དད་དང་འབྲེལ་བའི་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་བ་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་འབོད་སྐུལ་གནང་ཡོད་པ།
སྒྲིག་བཟོ། ཀླུ་འབུམ། /USCIRF

ཕྱི་ཚེས་༢༨ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་(U.S. Commission on International Religious Freedom USCIRF)་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་གཏན་འབེབས་བྱས་ནས་ལོ་ངོ་༢༦འཁོར་བའི་དུས་དྲན་དང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར་འཛམ་གླིང་ཡོངས་སུ་ཆོས་དད་རང་དབང་དང་འབྲེལ་འཛིན་བཟུང་བྱས་བའི་བཙོན་པ་རྣམས་གློད་གྲོལ་གཏོང་བའི་འབོད་སྐུལ་གནང་འདུག
རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཁྲིམས་ཡིག་(International religious freedom Act)་དེ་ནི་ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཟུང་འབྲེལ་གྱིས་གཏན་འབེབས་གནང་བའི་ཁྲིམས་ཡིག་ཞིག་ཡིན་པ་དང་། ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་དེས་འཛམ་གླིང་གི་ཡུལ་གྲུ་གང་སར་ཆོས་ལུགས་དད་མོས་རང་དབང་དང་འབྲེལ་འཛིན་བཟུང་མནར་གཅོད་རིགས་ལ་ལྟ་རྟོག་བྱེད་པ་དང་། ཨ་རིའི་ཕྱི་སྲིད་སྲིད་ཇུས་ལ་སློབ་སྟོན་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་(Stephen Schneck)་ལགས་ཀྱིས་འཛམ་གླིང་གང་སར་བཙོན་པ་གློད་གྲོལ་གཏོང་བའི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་ཀྱང་། ད་དུང་ཡང་ཡུལ་ལུང་གང་སར་རང་དབང་གི་སྒོ་ནས་ཆོས་ལུགས་ལ་དད་མོས་བྱེད་པའི་ཆེད་དུ་ལས་དོན་ཁག་ཡར་རྒྱས་གཏོང་རྒྱུ་ཡོད་པ་བརྗོད་འདུག
འདི་ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་དམིགས་བསལ་དོ་ཁུར་བྱེད་ཡུལ་རྒྱལ་ཁབ་ནང་རྒྱ་ནག་དང་། ཨ་ཧྥི་གྷ་ནི་སི་ཐན། རྒྱ་གར། བྱང་ཀོ་རི་ཡ། པ་ཀི་སི་ཐན། ཁུ་བྷ་སོགས་རྒྱལ་ཁབ་ཁག་ཅིག་མིང་འདོན་གྱིས་ཆོས་དད་རང་དབང་དང་འབྲེལ་བའི་བཙོན་པ་གློད་གྲོལ་དགོས་བའི་འབོད་སྐུལ་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཆོས་དད་རང་དབང་དེ་འགྲོ་བ་མིའི་ཐོབ་ཐང་གཙོ་བོ་ཞིག་ཡིན་པའི་རྒྱབ་སྐྱོར་གནང་གི་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཆོས་དད་རང་དབང་དང་འབྲེལ་འཛིན་བཟུང་བཙོན་འཇུག་བྱས་བའི་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་གལ་ཆེན་དུ་ངོས་འཛིན་གྱིས་ཕྱག་ལས་གནང་གི་ཡོད་པ་རེད།
དེ་འབྲེལ་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་དང་བསྟུན་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་རྣམ་གཉིས་ཀྱིས་ཆོས་དད་དང་ཡིད་ཆེས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་གསུངས་ཡོད་པ་རེད།
ཉེ་ལམ་ཕྱི་ཟླ་༥ཚེས་༡་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བཞིན་པ་དེས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་གནས་མིན་ཉེན་ཁར་གྱུར་ཡོད་པ་ཐེར་འདོན་དང་མཉམ། རྒྱ་བསྒྱུར་གྱི་སྲིད་ཇུས་དེའི་འོག་བོད་མིའི་ཐོག་ལ་ལྟ་སྲུང་ནན་དུ་བཏང་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་བྱས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བདག་ཉར་བྱས་པ་ཙམ་གྱི་བཙོན་འཇུག་བྱེད་པ། གསུང་ཆོས་ཞུས་བ་ར་སྤྲོད་བྱུང་མཚམས་འཛིན་བཟུང་བཙོན་འཇུག་བྱས་པ། རང་ལུས་མེར་སྲེག་གཏོང་རྒྱུར་འགོག་ཐབས་སུ་ཆབ་སྲིད་ཀྱི་སློབ་གསོ་རྒྱག་པ། ས་གནས་ཀྱི་ལས་བྱེད་འགའ་ཤས་ཀྱིས་བོད་པའི་ཕ་མ་ཚོས་བོད་ཕྲུག་ཚོར་ནང་ཆོས་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པ་སོགས་སྙན་ཐོའི་ནང་ཁ་གསལ་བཀོད་དེ་བོད་ནང་གི་བོད་མིའི་ཆོས་དད་རང་དབང་ལ་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་བ་དང་། རྒྱ་ནག་དེ་བཞིན་ཆོས་དད་རང་དབང་རྡོག་རོལ་གཏོང་མཁན་སེམས་ཚབས་བྱ་ཡུལ་གྱི་རྒྱལ་ཁབ་ཁོངས་སུ་ཨ་རིའི་གཞུང་གིས་ངོས་འཛིན་བྱེད་དགོས་པའི་རྒྱབ་གཉེར་གནང་འདུག
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་(USCIRF)་ནི་ཨ་རིའི་གྲོས་ཚོགས་ནས་རྒྱལ་སྤྱིའི་ནང་གྱི་ཆོས་ལུགས་རང་དབང་ལ་ལྟ་རྟོག་དང་། དབྱེ་ཞིབ། སྙན་ཞུ་འབུལ་རྒྱུའི་ཆེད་དུ་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ཟུང་འབྲེལ་གྱིས་བཙུགས་པའི་རང་དབང་ཅན་གྱི་སྒྲིག་འཛུགས་ཤིག་ཡིན་ཞིང་། ལྷན་ཚོགས་དེས་ཨ་རིའི་སྲིད་འཛིན་དང་། ཕྱི་སྲིད་དྲུང་ཆེ། གྲོས་ཚོགས་བཅས་ལ་རྒྱལ་སྤྱིའི་སྟེང་ཆོས་ལུགས་ཀྱི་གནོད་འཚེ་འགོག་ཐབས་དང་ཆོས་ལུགས་དང་ཡིད་ཆེས་ཀྱི་རང་དབང་འཕེལ་རྒྱས་གཏོང་བའི་ཕྱི་འབྲེལ་སྲིད་བྱུས་ཀྱི་གྲོས་འཆར་བཏོན་གྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎