གསར་འགྱུར་ཡིག་ཚགས།
2024-07-31
ཨ་མི་རི་ཀའི་ནང་སོ་མྱུལ་གྱི་ལས་དོན་སྤེལ་སྤེལ་བའི་དོགས་གཞི་ཅན་དགེ་རྒན་ཆེན་མོ་ཟུར་པ་(Wang Shujun)་གྱི་གྱོད་དོན་ཐད་ཁྲིམས་བཤེར་བྱེད་འགོ་ཚུགས་འདུག་ལ་ནག་ཉེས་ར་འཕྲོད་བྱུང་ཚེ་མི་ལོ་༢༥་ཡི་ཁྲིམས་ཆད་ཕོག་སྲིད་པ་རེད་འདུག
2024-07-31
རྒྱ་ནག་གཞུང་གིས་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་འཇིམ་མེག་གྷོཝརཎ་ (Jim McGovern)་ལགས་སུ་སྐྱོན་བརྗོད་དང་མཉམ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཀལ་བ་བསྒྲགས་འདུག
2024-07-31
བོད་ཀྱི་ཟློས་གར་ཚོགས་པས་ཕྱི་རྒྱལ་གྱི་བོད་ཕྲུག་ཚོར་བོད་ཀྱི་ཟློས་གར་སྒྱུ་རྩལ་སྦྱོང་བརྡར་སྤྲད་པའི་ནང་ཨ་རི་དང་ཡོ་རོབ་སོགས་ནས་བོད་ཕྲུག་༣༠ལྷག་མཉམ་ཞུགས་གནང་འདུག
2024-07-31
རྒྱ་ནག་གཞུང་གིས་བོད་ནང་གི་དཔལ་འབྱོར་ཡར་རྒྱས་བྱུང་ཡོད་སྐོར་བསྒྲགས་བཞིན་པ་དེས་བོད་མི་ཚོར་ཁེ་ཕན་ཉུང་ཙམ་ལས་མེད་ཅིང་རྒྱ་རིགས་ཚོར་ཁེ་ཕན་བྱུང་བཞིན་ཡོད་པ་བོད་ནང་གི་བོད་མིས་བརྗོད་བྱུང་།
2024-07-31
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀེ་རཱ་ལ་མངའ་སྡེའི་(Wayanad)ས་ཁུལ་ནང་ཆར་ཞོད་རྐྱེན་གྱིས་ས་རུད་དོན་རྐྱེན་འོག་མི་མང་རྐྱེན་འདས་དང་རྒྱུ་ནོར་སོགས་ལ་གྱོང་གུན་ཤུགས་ཆེན་ཐེབས་པར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག
2024-07-30
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བ་བཙུགས་ནས་ལོ་ངོ་༩༧འཁོར་བའི་དུས་དྲན་ལྡི་ལིར་སྲུང་བརྩི་བྱས་སྐབས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག
2024-07-30
གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༨ལོ་ནས་༢༠༢༢ལོའི་བར་ས་མཚམས་ཁུལ་དུ་བདེ་འཇགས་གྲོང་ཚོ་ཟེར་བ་༦༢༤ཙམ་གསར་བསྐྲུན་བྱས་ཡོད་པ་བཀོད་འདུག
2024-07-30
བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཧོང་ཀོང་དམངས་གཙོ་ལྷན་ཚོགས་གཉིས་ཀྱིས་སྙན་ཐོ་བཏོན་ནས་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་རྒྱ་ནག་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་དྲག་གནོན་བྱེད་བཞིན་པའི་བྱ་སྤྱོད་ཐེར་འདོན་གནང་འདུག
2024-07-30
བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་གདན་ས་ཆེན་པོ་འབྲས་སྤུངས་དགོན་གྱི་དཔེ་ཁྲིད་དགེ་ཐེ་བོ་དཀོན་མཆོག་ཉི་མ་ལགས་སུ་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་མིང་ཐོག་ནས་མི་ལོ་ ༢༠ བཙོན་འཇུག་གི་ཁྲིམས་ཐག་བཅད་རྗེས། ཞིབ་ཕྲའི་གནས་ཚུལ་སོགས་ཤེས་རྟོགས་གང་ཡང་མེད་པར་ངོ་ལོ་ ༡༧ འགྲོ་བཞིན་ཡོད་པ།
2024-07-29
རྒྱ་ནག་གཞུང་གིས་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཔའ་ཁ་གྲོང་རྡལ་གྱི་ཉེ་འགྲམ་རྨ་ཆུ་གཙང་པོར་ཆུ་ཤུགས་གློག་འདོན་ས་ཚིགས་རྒྱག་ཆེད་ད་ལྟ་ཨ་ཚོགས་དགོན་པ་གཏོར་བཤིག་གིས་རྗེས་ཤུལ་ཙམ་ཡང་མེད་པ་བཟོས་ཡོད་འདུག
2024-07-29
དགའ་ལྡན་བྱང་རྩེ་རྡོ་ར་མཁན་ཟུར་རྗེ་བཙུན་བློ་བཟང་ཚེ་འཕེལ་མཆོག་དང་དགེ་བཤེས་པདྨ་ཚེ་དབང་གཉིས་ལ་ཁེ་ཎ་ཌའི་ཨལ་བྷར་ཌ་མངའ་སྡེའི་གྲོས་ཚོགས་ནས་འཛམ་གླིང་གི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་མངའ་སྡེ་དེའི་མི་དམངས་མང་པོའི་ལུས་སེམས་ལ་ཞི་བདེ་བསྐྲུན་པར་ཆེ་བསྟོད་ཆེ་བསྟོད་ཕྱག་འཁྱེར་ཤིག་ཕུལ་འདུག
2024-07-29
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཚམས་ཞུ་མཇལ་བཅར་ཞུས་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཁམས་དྭངས་སྐྱེད་བདེ་བླག་ངང་ཡོང་བཞིན་ཡོད་པ་གསུངས་འདུག
2024-07-29
ཧྥ་རན་སིར་འཚོགས་བཞིན་པའི་ཕྱི་ལོ་༢༠༢༤ལོའི་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཆེན་མོའི་སྒོ་འབྱེད་མཛད་སྒོར་བོད་མིའི་སྐུ་ཚབ་ཚོགས་ཆུང་ཞིག་ཕེབས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་མཉམ་ཞུགས་གནང་འདུག
2024-07-29
བོད་ཀྱི་་སྲིད་བྱུས་ཉམས་ཞིབ་ཁང་གིས་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གྲྭ་སྒོ་བརྒྱབས་དགོས་པའི་རྒྱུ་རྐྱེན་དང་དེའི་ཤུགས་རྐྱེན་སྐོར་དཔྱད་གླེང་ཉམས་ཞིབ་པ་དང་མཉམ་དཔྱད་གླེང་གནང་ཡོད་པ་རེད།
2024-07-27
རྒྱ་གར་གྱི་རྩོམ་པ་པོ་ Rajiv Sikri གི་དཔེ་དེབ་ཞིག་འབྲི་རྩོམ་གནང་བའི་ནང་རྒྱ་གར་ངོས་ནས་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཟིན་པའི་རྗེས་མ་གཏོགས་རྒྱ་ནག་དང་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་མ་གནང་ན་ལེགས་པའི་དགོངས་ཚུལ།