ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་བོད་མིའི་སྐུ་ཚབ་མཉམ་ཞུགས་གནང་འདུག

2024.07.29
ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་བོད་མིའི་སྐུ་ཚབ་མཉམ་ཞུགས་གནང་འདུག ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་བོད་མིའི་སྐུ་ཚབ་མཉམ་ཞུགས་གནང་སྐབས། ༠༧།༢༦།༢༠༢༤
Bureau du Tibet, Brussels

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢༦ཉིན་ཧྥ་རན་སིའི་རྒྱལ་ས་པེ་རེ་སིར་འཚོགས་པའི་ཕྱི་ལོ་༢༠༢༤ལོའི་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་ཆེན་མོའི་སྒོ་འབྱེད་མཛད་སྒོར་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་རིན་ཆེན་ལགས་དང་ཚོགས་ཟུར་བསྟན་འཛིན་སྤེན་པ་ལགས་བཅས་ལས་གྲུབ་པའི་བོད་མིའི་སྐུ་ཚབ་ཚོགས་ཆུང་ཞིག་མགྲོན་འབོད་གནང་བ་ལྟར་ཆེད་ཕེབས་མཉམ་ཞུགས་གནང་ཡོད་འདུག
འདིའི་ཐད་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་གསུངས་ན། ད་རེས་གོ་སྐབས་འདིར་བོད་ཀྱི་གནད་དོན་ཐད་བཀའ་འདྲི་གནང་མཁན་ཚོར་བོད་ཆས་དང་། བོད་ཀྱི་རྒྱལ་དར། བོད་དོན་ངོ་སྤྲོད་གནང་རྒྱུར་ཕན་ཐོགས་བྱུང་པ་དང་། སྒོ་འབྱེད་མཛད་སྒོའི་སྐབས་བོད་མིའི་སྐུ་ཚབ་རྣམས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་སྟེ། བོད་དོན་དྲིལ་བསྒྲགས་དང་འབྲེལ་ལོ་རྒྱུས་རང་བཞིན་ལྡན་པའི་རྩེད་འགྲན་ཆེན་མོའི་དགའ་སྟོན་ལ་མཉམ་རོལ་ཞུས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཧྥ་རན་སིར་མཚོན་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་གྲངས་འབོར་མང་པོ་ཡོད་པའི་སྤྱི་ཚོགས་ཤིག་ཀྱང་ཡིན་པ་རེད།
ཧྥ་རན་སིའི་ནང་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་འགོ་བཙུགས་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་༢༠༦གི་རྩེད་འགྲན་པ་མི་གྲངས་ཆིག་ཁྲི་ལྔ་བརྒྱ་རྩེད་རིགས་སྣ་ཚོགས་ཀྱི་འགྲན་རྩོད་ཁྲོད་ཞུགས་བཞིན་པ་དང་། ཕྱི་ཚེས་༢༩བར་རྩེད་འགྲན་ནང་གསེར་རྟགས་མ་མང་ཤོས་ཐོབ་མཁན་ཡུལ་གྲུ་ལྔ་ནི། ཨང་རིམ་དང་པོ་ཉི་ཧོང་ལ་གསེར་གྱི་རྟགས་མ་༤དང་དངུལ་གྱི་རྟགས་མ་༢ཟངས་ཀྱི་རྟགས་མ་གཅིག་ཁྱོན་རྟགས་མ་བདུན་དང་། ཨང་རིམ་གཉིས་བ་ལྷོ་ཀོ་རེ་ཡ་གསེར་གྱི་རྟགས་མ་༤དང་དངུལ་གྱི་རྟགས་མ་༢ཐོག་ཟངས་ཀྱི་རྟགས་མ་༡ཁྱོན་རྟགས་མ་བདུན་ཐོབ་འདུག ཨང་རིམ་གསུམ་པ་ཨོསི་ཊརེ་ལི་ཡ་(Australia)་ལ་གསེར་གྱི་རྟགས་མ་གསུམ་དང་དངུལ་གྱི་རྟགས་མ་༢་ཁྱོན་རྟགས་མ་དྲུག དེ་ནས་ཨང་རིམ་བཞི་ཨ་མི་རི་ཀར་གསེར་གྱི་རྟགས་༣་དང་དངུལ་གྱི་རྟགས་མ་༦། ཟངས་ཀྱི་རྟགས་༣ཁྱོན་རྟགས་མ་༡༢ཐོབ་འདུག དེ་ནས་ཨང་རིམ་ལྔ་བ་ཧྥ་རན་སི་ལ་གསེར་གྱི་རྟགས་མ་༣དང་དངུལ་གྱི་རྟགས་མ་༣། ཟངས་ཀྱི་རྟགས་མ་༢ཁྱོན་རྟགས་མ་བརྒྱད་ཐོབ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎