ཀེ་རཱ་ལ་མངའ་སྡེའི་ནང་ས་རུད་རྐྱེན་གྱིས་མི་བརྒྱ་ལྷག་རྐྱེན་འདས་སུ་ཕྱིན་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་མཛད་ཅིང་། ངལ་སེལ་གྱི་ཆེད་ཞལ་འདེབས་གསོལ་སྩལ་གནང་རྒྱུ་ཡིན་པ་གསུངས་འདུག

2024.07.31
ཀེ་རཱ་ལ་མངའ་སྡེའི་ནང་ས་རུད་རྐྱེན་གྱིས་མི་བརྒྱ་ལྷག་རྐྱེན་འདས་སུ་ཕྱིན་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་གསོ་མཛད་ཅིང་།  ངལ་སེལ་གྱི་ཆེད་ཞལ་འདེབས་གསོལ་སྩལ་གནང་རྒྱུ་ཡིན་པ་གསུངས་འདུག སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
L- OHHDL/ R- Reuters

ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་ཀེ་རཱ་ལ་མངའ་སྡེའི་ ཝཡཱ་ནདྷ་རྫོང་ (Wayanad) ས་གནས་སུ་ཆར་ཞོད་རྐྱེན་གྱིས་ས་རུད་བྱུང་སྟེ་མི་མང་བརྒྱ་ཙམ་རྐྱེན་འདས་སུ་གྱུར་པ་དང་།  རྒྱུ་ནོར་སོགས་ལ་གྱོང་གུན་ཤུགས་ཆེ་ཕོག་པར་ཕྱི་ཟླ་ ༧ ཚེས་ ༣༡ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ པིནཱར་ཡི་ ཝིཇེཡཱཎ་ (Pinarayi Vijayan) མཆོག་གི་མཚན་ཐོག་ཏུ། མི་མང་པོའི་ཚེ་སྲོག་ཤོར་བར་ཐུགས་ཕམ་དང་འདས་གསོན་ཡོངས་ཀྱི་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བསྔོ་སྨོན་དང་། ཏཱ་ལའི་བླ་མའི་ཐེབས་རྩའི་ངོས་ནས་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་གསོལ་སྩལ་གནང་རྒྱུ་ཡིན་པའི་སྐོར་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་གནང་མཛད་པའི་ནང་བཀོད་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  ས་རུད་ཁྲོད་མི་མང་པོའི་ཚེ་སྲོག་ཤོར་བ་དང་། རྨས་སྐྱོན་ཕོག་པ། རྒྱུ་ནོར་ལ་གནོད་སྐྱོན་ཕོག་པ། སྤྱི་ཡོངས་ནས་དཀའ་ངལ་འཕྲད་བཞིན་པ་བཅས་ལ་ཐུགས་ཕམ་བྱུང་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧གང་ཉིད་ཀྱིས་འདས་སོན་ཡོངས་ཀྱི་ཆེད་དུ་ཐུགས་གསོ་དང་། རྐྱེན་འདས་སུ་ཕྱིན་པའི་ནང་མི་ཚོ་གཙོས་ས་རུད་དོན་རྐྱེན་ཁྲོད་གནོད་འཚེ་ཕོག་པའི་མི་ཚང་མར་ཐུགས་སྨོན་མཛད་རྒྱུ་ཡིན་པ་གསུངས་འདུག 

གསུང་འཕྲིན་གྱི་མཇུག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ༧ཀེ་རཱ་ལ་མངའ་སྡེའི་གཞུང་དང་འབྲེལ་ཡོད་ལས་ཁུངས་ཚང་མས་གནོད་འཚེ་ཕོག་པའི་མི་མང་ལ་རོགས་སྐྱོར་དང་མྱུར་སྐྱོབ་བྱེད་བཞིན་པར་བསྔགས་བརྗོད་མཛད་པ་དང་།  ཀེ་རཱ་ལའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཆེད། ཏཱ་ལའི་བླ་མའི་ཐེབས་རྩའི་ངོས་ནས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་རོགས་སྐྱོར་ཞལ་འདེབས་གནང་དགོས་པའི་སྐུལ་མ་ཡང་མཛད་འདུག

རྒྱ་གར་ལྷོ་ཕྱོགས་ཀེ་རཱ་ལ་མངའ་སྡེའི་ནང་དུ་ཕྱི་ཚེས་ ༣༠ ཉིན་ཆར་ཞོད་རྐྱེན་གྱིས་ས་རུད་སོགས་ཀྱི་གནོད་འཚེ་ཐེབས་ཏེ།  ཝཡཱ་ནདྷ་རྫོང་ (Wayanad) ས་ཁུལ་དུ་ས་རུད་རྐྱེན་གྱིས། ཕྱི་ཟླ་ ༧ ཚེས་ ༣༡ བར་མི་གྲངས་ ༡༥༠ ལྷག་འདས་གྲོངས་སུ་གྱུར་པ་དང་མི་གྲངས་ ༡༨༦ ལ་རྨས་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་པ་མ་ཟད། འདས་གྲོངས་ཀྱི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་སྐོར་བརྗོད་འདུག་ལ། དེ་རིང་སྔ་དྲོ་རྒྱ་གར་སྲིད་བློན་མོ་དྷི་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བརྒྱུད་དབུས་གཞུང་གིས་ངལ་སེལ་རོགས་སྐྱོར་གནང་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎