གསར་འགྱུར་ཡིག་ཚགས།
2024-02-29
ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་བྷེལ་ཇིཡམ་བཅས་སུ་སྡེ་དགེ་ཕྱོགས་ཀྱི་དཀའ་ངལ་དང་འབྲེལ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་འདུག
2024-02-29
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ཁྱབ་ཁོངས་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་བྷེལ་ཇིཡམ་ནང་རྟེན་གཞི་བྱས་པའི་བཀའ་བརྒྱུད་ཡོན་ཏན་རྒྱ་མཚོ་གླིང་དུ་ཚོགས་གནང་འདུག
2024-02-29
ཁམས་སྡེ་དགེའི་ཁུལ་དུ་རྒྱ་ནག་གིས་ཆུ་མཛོད་གློག་ཁང་གསར་རྒྱག་ཆེད་ས་གནས་བོད་མི་གནས་སྤོར་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པར་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་རྣམས་ཀྱིས་རྒྱ་ནག་ལ་ངོ་རྒོལ་གྱི་གོམ་བགྲོད་ལས་འགུལ་སྤེལ་འདུག
2024-02-29
སྤྱི་ལོ་ ༡༩༦༠ ཙམ་ནས་ད་བར་ཁྱོན་བསྡོམས་གྲྭ་བཙུན་ཁྲི་གསུམ་མ་ཟིན་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་འབོག་འཇོག་མཛད་ཡོད་པ།
2024-02-28
ཁམས་སྡེ་དགེའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ལ་དྭགས་ཁུལ་དུ་གནས་སྡོད་བོད་མི་ཚོས་ཞི་བའི་གོམ་བགྲོད་དང་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
2024-02-28
རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཀྱིས་ལས་ཀའི་གསང་བ་སོགས་ཚུད་པ་བྱས་ནས་ཁྱབ་རྒྱ་ཆེ་རུ་བཏང་ཡོད་འདུག
2024-02-28
སྐས་འཛེགས་མ་ཎི་ཁུལ་དུ་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱག་མཁར་གསོལ་སྩལ་མཛད་པ་དེ་ད་ཆ་ལྗོན་ཤིང་ཞིག་ཏུ་སྐྱེས་ཚར་བྱུང་ནས་མི་མང་ཚོས་དད་པ་ཆེན་པོའི་སྒོ་ནས་གནས་མཇལ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་འདུག
2024-02-28
ལོ་གཉིས་ཀྱི་རྗེས་ནས་སློབ་ཆུང་སློབ་གྲྭ་ཚང་མའི་ནང་བོད་ཡིག་ཁྱོན་ནས་མེད་པ་བཟོ་རྒྱུ་ཡིན་སྐོར། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
2024-02-28
སོ་སོའི་ཚུལ་མཐུན་གྱི་ཐོབ་ཐང་བེད་སྤྱོད་ཀྱིས་ཞི་རྒོལ་གནང་སྟེ་འཛིན་བཟུང་བྱས་པ་རྣམས། འཕྲལ་དུ་གློད་གྲོལ་ཡོང་ཐབས་གནང་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
2024-02-27
ཨོསི་ཊརེ་ལི་ཡའི་ནང་ན་གཞོན་བོད་རྒྱ་མཛའ་བརྩེ་འབྲེལ་ལམ་འདུ་འཛོམས་གནང་བར་རྒྱ་རིགས་ན་གཞོན་༢༠ལྷག་མཉམ་ཞུགས་གནང་འདུག
2024-02-27
བོད་ཀྱི་ཁམས་སྡེ་དགེ་ཁུལ་དུ་རྒྱ་ནག་གཞུང་གིས་སྐམ་ཐོག་གློག་ཁང་གསར་རྒྱག་ཆེད་དབོན་པོ་སྟོད་ཁུལ་གྱི་གནའ་བོའི་དགོན་པ་རྩ་གཏོར་དང་མི་རབས་ནས་མི་རབས་འཚོ་གནས་བྱེད་མཁན་བོད་མི་ཚོ་རང་ཡུལ་ནས་གནས་སྤོ་བྱ་དགོས་པའི་བཙན་བཀའ་བཏང་པར་ངོ་རྒོལ་ཞུ་འབོད་བྱེད་མཁན་གྱི་བོད་མི་ཆིག་སྟོང་ལྷག་འཛིན་བཟུང་བྱས་པའི་ཁྲོད་ནས་༤༠གློད་གྲོལ་བཏང་འདུག
2024-02-27
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་དང་འཕགས་བོད་མཛའ་འབྲེལ་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་བཅས་ཀྱིས་རྒྱ་ནག་གཞུང་གིས་སྡེ་དགེ་དབོན་སྟོད་ཀྱི་ཡུལ་མི་ཆིག་སྟོང་འཛིན་བཟུང་དང་བཀག་ཉར་བྱས་པར་སྐྱོན་བརྗོད་གནང་འདུག
2024-02-27
བོད་མིའི་སྒྲིག་འཛུགས་ཀྱི་གྲངས་ཐོ་ ༡༥༧ གྱི་ནང་ནས་ ༡༣༦ འདས་གྲོངས་སུ་སོང་འདུག
2024-02-26
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཞུགས་པ་ཚོས་ད་ལྟའི་བོད་ནང་གི་གནས་སྟངས་ཐད་བློ་ཚབས་བསྟན་པ་དང་མཉམ་སྡེ་དགེ་ཕྱོགས་ཀྱི་བོད་མི་འཛིན་བཟུང་བྱས་བ་རྣམས་གློད་དགོས་པའི་བསྒྲགས་གཏམ་སྤེལ་འདུག
2024-02-26
སྡེ་དགེ་རྫོང་ཁོངས་འབྲི་ཆུའི་རྒྱུད་ཀྱི་བོད་མི་མང་པོ་འཛིན་བཟུང་དང་གནས་སྤོར་དགོས་བའི་བཙན་བཀའ་གཏོང་བཞིན་པར་ཁེ་ཎ་ཌ་སོགས་ས་གནས་མང་པོར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ངོ་རྒོལ་གནང་འདུག