ཨོསི་ཊརེ་ལི་ཡའི་ནང་ན་གཞོན་བོད་རྒྱ་མཛའ་བརྩེ་འབྲེལ་ལམ་འདུ་འཛོམས་གནང་འདུག
འདི་ཚེས་༢༥ཉིན་ཨོསི་ཊརེ་ལི་ཡའི་(Australia)་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག ཨོསི་ཊརེ་ལི་ཡའི་ནང་ན་གཞོན་བོད་རྒྱ་མཛའ་བརྩེ་འབྲེལ་ལམ་འདུ་འཛོམས་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འདུ་འཛོམས་དེའི་སྟེང་རྒྱ་རིགས་ན་གཞོན་༢༠ལྷག་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་རིགས་དེ་དག་མང་ཆེ་བ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པ་ད་ལྟའི་སྐབས་ཨོསི་ཊརེ་ལི་ཡའི་མཐོ་སློབ་ཁག་ནང་སློབ་སྦྱོང་གནང་མཁན་ཡིན་པ་དང་གཞན་ཧོང་ཀོང་དང་ཐེ་ཝན་སོགས་ནས་ཡིན་འདུག་ལ། ཁོང་ཚོ་མང་ཆེ་བ་བོད་དོན་ལ་རྒྱབ་སྐྱོར་དང་གོ་རྟོགས་ཡག་པོ་ཡོད་པ་མ་ཟད། ༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་སྲིད་ཇུས་ལ་གོ་རྟོགས་གཏིང་ཟབ་ཡོད་མཁན་རྐྱང་ཡིན་འདུག
ད་ཐེངས་ན་གཞོན་བོད་རྒྱ་མཛའ་བརྩེ་འབྲེལ་ལམ་འདུ་འཛོམས་ཞེས་བ་གཙོ་བོ་གཞོན་སྐྱེས་ལ་དམིགས་པ་དང་། གཞོན་སྐྱེས་ནང་ཁུལ་རིག་གཞུང་ངོ་སྤྲོད་དང་། ལོ་རྒྱུས་ལ་ཕྱིར་བལྟ་བྱས་ནས་འདས་བའི་ལོ་རྒྱུས་ཀྱི་ཁྲོད་ནས་ད་ལྟའི་བོད་རྒྱའི་འབྲེལ་ལམ་ཐད་བསྐྱར་ཞིབ་བགྲོ་གླེང་གནང་ཡོད་པ་རེད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ། ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།