གསར་འགྱུར་ཡིག་ཚགས།
2021-10-30
ཨ་རིའི་རྒྱལ་ཡོངས་སིལ་སྤོལ་རྩེད་འགྲན་པ་གྲགས་ཅན་(Enes Kanter)ཨེ་ནིསི་ཀེན་ཏར་ལགས་ཕེབས་ཞུགས་གནང་ཡོད་པ་དང་། བོད་དང་། ཤིན་ཅང་། ཧོང་ཀོང་། ཐེ་ཝན་བཅས་ཀྱི་གནད་དོན་ཐོག་ལ་རྒྱབ་སྐྱོར་ཡོད་པ་དང་། རྩེད་འགྲན་པ་གཞན་ཚོས་ཀྱང་དེ་ལྟར་གནང་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
2021-10-30
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ཚན་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བྱམས་པ་ལགས་སུ་Netherlands རྒྱལ་ཁབ་ཀྱི་ Ridder in de Orde van Oranje-Nassau ཞེས་པའི་ཆེས་བསྟོད་གཟེངས་རྟགས་ཕུལ་འདུག
2021-10-29
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་གཏོར་སྐྱོན་གྱིས་གོད་ཆག་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་བསྩལ་གནང་མཛད་ཡོད་པ།
2021-10-29
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེ་རིང་ཨི་ཀྲ་ལིའི་རྒྱལ་ས་རོམ་ནང་བསྐོང་འཚོགས་གནང་བའི་རྒྱ་ནག་ལ་དམིགས་པའི་རྒྱལ་ཁབ་སྣེ་མང་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་མནའ་འབྲེལ་མཐུན་ཚོགས་པས་བསྐོང་འཚོགས་གནང་བའི་ཚོགས་འདུའི་ཐོག་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་གཏམ་བཤད་སྤེལ་གནང་འདུག
2021-10-28
ཨ་མི་རི་ཀས་མུ་མཐུད་དུ་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུ་ཡིན་པ་ཕྱི་སྲིད་དྲུང་ཆེ་ཡིས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཉིན་གསར་འགོད་བསྒྲགས་གཏམ་སྤེལ་འདུག
2021-10-28
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར་ལྷོ་ཊེ་རོལ་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་གཙོས་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་འདུག
2021-10-28
རྒྱ་ནག་གཞུང་གིས་ཐེ་ཝན་ལ་འཛིན་པའི་བྱ་སྤྱོད་དེར་ཨ་མི་རི་ཀའི་སྲིད་འཛིན་གྱིས་ལན་འདེབས་དང་འབྲེལ་ཨེ་ཤེ་ཡའི་རང་དབང་སྲུང་སྐྱོབ་ཆེད་ཨ་རིའི་ལངས་ཕྱོགས་བརྟན་པོ་ཡིན་པ་གསུངས་འདུག
2021-10-28
རྒྱ་ནག་གཞུང་གི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར་འབྲི་རྩོམ་དང་གླེང་སློང་གང་ཡང་བྱས་བཅུག་མེད་པར་དམ་དྲག་བྱས་བཞིན་ཡོད་པ།
2021-10-27
བོད་ཀྱི་ཀོང་པོ་ཉིང་ཁྲི་ཁུལ་གྱི་ཤིང་ནགས་ནང་ཚེས་༢༧རེས་གཟའ་ལྷག་པའི་ཉིན་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་དང་། ད་ལྟའི་འཆར་མི་རྒྱུ་གཉིས་ལ་གནོད་འཚེ་ཇི་ཙམ་བྱུང་མིན་དང་མེ་སྐྱོན་གྱི་བྱུང་རྐྱེན་སོགས་གནས་ཚུལ་ཁ་གསལ་གང་ཡང་མེད་པ་རེད་འདུག
2021-10-27
ཌེན་མརཀ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་ཡོད་པའི་འོས་བསྡུའི་དྲིལ་བསྒྲགས་སྦྱར་བར་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད་པ།
2021-10-27
རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ཟེར་བའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་རྫ་ཆུ་ཁ་རྫ་སྨད་དབོན་པོ་ཁུལ་ནས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་གློད་གྲོལ་བཏང་འདུག
2021-10-26
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་དང་འབྲེལ་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་མོལ་གནང་འདུག
2021-10-26
ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་ནི་ཆོས་ཀྱི་བསླབ་བྱ་ཙམ་མིན་པར་འགྲོ་བ་མིའི་འཚོ་གནས་དང་མི་ཚེའི་བདེ་སྐྱིད་ཀྱི་གཞི་རྩ་རེད་ཅེས་༧གོང་ས་མཆོག་གིས་མཁས་པ་དང་སློབ་གསོ་བ་ཁག་ཅིག་ལ་བཀའ་བསྩལ་སོང་།
2021-10-25
རྒྱ་ནག་གི་ནན་ཅིང་གྲོང་ཁྱེར་གྱི་གཙུག་ལག་སློབ་གྲྭའི་ནང་ཡོད་པའི་མཁའ་དབྱིངས་བརྟག་དཔྱད་ཁང་དུ་འབར་གས་ཀྱི་དོན་རྐྱེན་བྱུང་ནས་མི་གཉིས་ཀྱི་ཚེ་སྲོག་ཤོར་བ་དང་གཞན་མི་གྲངས་དགུ་ལ་རྨས་སྐྱོན་ཕོག་འདུག
2021-10-25
རྒྱ་ནག་གིས་ཧོང་ཀོང་ནང་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ཟེར་བའི་གནོན་ཤུགས་འོག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཧོང་ཀོང་ནང་ཡོད་པའི་ཡན་ལག་ཁང་གཉིས་སྒོ་རྒྱག་དགོས་བྱུང་འདུག