སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཊེ་རོལ་གྱི་སྲིད་འཛིན་གཙོས་གནད་ཡོད་མི་སྣ་དང་མཇལ་འཕྲད།

2021.10.28
སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཊེ་རོལ་གྱི་སྲིད་འཛིན་གཙོས་གནད་ཡོད་མི་སྣ་དང་མཇལ་འཕྲད། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལྷོ་ཊེ་རོལ་(South Tyrol)་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་(Dr Arno Kompatscher)་དང་མཇལ་འཕྲད་སྐབས། ༡༠།༢༨།༢༡
Photo: RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་འབྲེལ་འཚམས་གཟིགས་ཐོག་མ་དེ་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གནང་བཞིན་པ་ལྟར། འདི་ཚེས་༢༨་ཉིན་ཨི་ཊ་ལི་ཁུལ་དུ་ལྷོ་ཊེ་རོལ་(South Tyrol)་རང་སྐྱོང་མངའ་ཁུལ་གྱི་སྲིད་འཛིན་སྐུ་ཞབས་(Dr Arno Kompatscher)་དང་མཇལ་འཕྲད་གནང་འདུག
གཞན་ཕྱི་ཚེས་༢༧་ཉིན་ཨི་ཊ་ལིའི་ལྷོ་ཊེ་རོལ་(Eurac)་ཞིབ་འཇུག་ཁང་གི་འགན་འཛིན་ཀྱི་གཙོས་གནད་ཡོད་ཞིབ་འཇུག་མི་སྣ་ཁག་དང་ལྷན་དུ་མཇལ་འཕྲད་གནང་ནས་བོད་དོན་གཏམ་བཤད་གནང་ཡོད་ཅིང་། ཐེངས་འདིར་སྲིད་སྐྱོང་དང་ལྷན་དུ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱང་ཆེད་བཅར་ཞུས་འདུག
བོད་མིའི་སྒྲིག་འཛུགས་དང་ཞིབ་འཇུག་ཁང་དེ་གཉིས་བར་གྱི་འབྲེལ་བ་དེ་ཡང་ཕྱི་ལོ་༡༩༩༣་ལོར་༧གོང་ས་མཆོག་ཁུལ་དེར་ཆིབས་བསྒྱུར་གནང་སྐབས་སུ། སྐབས་དེའི་ཚོགས་གཙོ་(Luis Durnwalder)་ལགས་ཀྱིས། ༧གོང་ས་མཆོག་སྐུ་མགྲོན་དུ་གདན་ཞུ་གནང་བ་ནས་འབྲེལ་ལམ་བྱུང་བ་ཞིག་ཡིན་ཞིང་། ད་རེས་སྲིད་སྐྱོང་མཆོག་ཞིབ་འཇུག་ཁང་དེར་ཕེབས་དགོས་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྲིད་ཇུས་ངོ་སྤྲོད་དང་བོད་ཀྱི་གནད་དོན་སྐོར་གོ་རྟོགས་སྤེལ་བའི་ཆེད་དུ་ཡིན་ཚུལ་གསལ་སྟོན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག

གཞན་སྲིད་སྐྱོང་མཆོག་ད་ཐེངས་ཨེ་ཊ་ལི་ནང་ཕེབས་དོན་གཙོ་བོ་ཞིག་ནི། ཡུལ་དེའི་རྒྱལ་ས་རོམ་དུ་ཟླ་འདིའི་ཚེས་༣༠་ནས་༣༡་བར་འཚོགས་གཏན་འཁེལ་བའི་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་༢༠་ཡི་དབུ་ཁྲིད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་ལ་ཁ་གཏད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་པར་སྐུལ་སློང་གི་ཆེད། རྒྱ་ནག་དང་ཁ་གཏད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ཚོགས་པས་ཕྱི་ཚེས་༢༩་ཉིན་ཚོགས་འདུ་ཤིག་སྐོང་ཚོགས་གི་ཡོད་པ་དེའི་སྟེང་གདན་ཞུ་ལྟར་གཏམ་བཤད་གནང་ཆེད་ཡིན་འདུག
སྲིད་སྐྱོང་མཆོག་ཨི་ཊ་ལིར་(Italy)་ཕེབས་སྐབས་ལམ་བར་དུ་ཇར་མན་གྱི་གྲོང་ཁྱེར་(Frankfurt)་གནམ་ཐང་དུ་ཕེབས་འབྱོར་སྐབས་དེ་ཁུལ་གྱི་བོད་རིགས་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་བསུ་དང་མཇལ་མོལ་གནང་འདུག
སྲིད་སྐྱོང་མཆོག་གིས་ཨི་ཊ་ལི་ནང་གི་གཞུང་འབྲེལ་འཚམས་གཟིགས་གྲུབ་རྗེས་སུད་སིར་ཕེབས་ཐོན་གྱིས་ཕྱི་ཟླ་༡༡་ནང་ཇི་ནི་ཝར་འཚོགས་རྒྱུའི་འགྲོ་བ་མིའི་ཐོབ་ཐང་གི་གླེང་སྟེགས་ཐོག་དབུ་བཞུགས་གཏམ་བཤད་གནང་འཆར་ཡོད་འདུག

གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎