གསར་འགྱུར་ཡིག་ཚགས།
2024-05-03
ཧྥ་རན་སིའི་སྲིད་འཛིན་ལ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་རིང་མིན་མཇལ་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་ཡང་སྒོས་བོད་ཀྱི་གནད་དོན་གླེང་སློང་དགོས་བའི་འབོད་སྐུལ་ཞུས་འདུག
2024-05-03
བོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་བཞིན་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་གྱི་བགྲོ་གླེང་ལྷན་ཚོགས་སྟེང་རྩོམ་པ་པོ་དང་བོད་ཀྱི་རིག་གཞུང་ཆེད་ལས་ཀྱི་འབུམ་རམས་པ་སོགས་སེར་སྐྱ་ཕོ་མོ་༢༤མཉམ་ཞུགས་གནང་འདུག
2024-05-03
འཕགས་པ་སྤྱན་རས་གཟིགས་ནི་བོད་ཀྱི་ལྷ་སྐལ་ཡིན། ངོས་རང་འཕགས་པ་སྤྱན་རས་གཟིགས་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་ཅེས་སོགས་བཀའ་སློབ་སྩལ་སོང་།
2024-05-03
བོད་ནང་གི་གནས་ཚུལ་ཕྱི་ལ་མཁོ་གཏོང་བྱེད་མཁན་ཚོར་རྣམ་པ་ཅི་རིགས་ཀྱི་སྒོ་ནས་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པ།
2024-05-02
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཡོ་རོབ་ཁུལ་དུ་གཞུང་དོན་འཚམས་གཟིགས་གནང་བཞིན་ཡོད་པ་ལྟར་ད་ལྟ་ཨི་ཊ་ལིའི་ནང་བོད་དོན་འཚམས་གཟིགས་གནང་བཞིན་ཡོད་འདུག
2024-05-02
ཨ་མི་རི་ཀའི་ཉམས་ཞིབ་བསྟི་གནས་ཁང་གིས་བཏོན་པའི་སྙན་ཐོ་ལྟར་ན་ཨ་རིའི་མང་ཚོགས་ཁྲོད་རྒྱ་ནག་ལ་མི་དགའ་བའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་འདུག
2024-05-02
ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཟུར་པ་(Andre Gattolin)་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཧྥ་རན་སིའི་སྲིད་འཛིན་དང་མཇལ་ཐུབ་པ་ཙམ་གྱིས་གནད་འགག་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག
2024-05-02
དབྱར་རྩ་དགུན་འབུ་བརྐོ་བར་འགྲོ་མཁན་ཚོས་ངེས་པར་དུ་ཞིང་ཆེན་དང་རྫོང་། ས་གནས་སྲིད་གཞུང་བཅས་ནས་བརྐོ་ཆོག་པ་དང་འཚོང་ཆོག་པ་སོགས་ཀྱི་ལག་འཁྱེར་དགོས་སྐོར་བརྗོད་བཞིན་ཡོད་འདུག
2024-05-01
ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་བོད་ནང་གི་བོད་མིའི་ཆོད་དད་རང་དབང་རྒྱ་ནག་གཞུང་གིས་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་གནང་འདུག
2024-05-01
སྨར་ཁམས་རྫོང་ཀླུ་ར་ཆུས་ས་གནས་སུ་ས་ཆའི་བདག་དབང་རྩོད་རྙོག་དང་འབྲེལ་བའི་གནས་ཚུལ་ཕྱིར་གྱར་བྱེད་མཁན་རྩིས་སྤྲོད་བྱས་ན་རྒྱ་ནག་གཞུང་གིས་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་བཤད་ནས་འཛིན་བཟུང་ཡོང་ཐབས་བྱེད་བཞིན་འདུག
2024-05-01
བོད་ཀྱི་འགྲེམས་སྟོན་ཁང་གིས་བདུན་ཕྲག་གསུམ་རིང་ཡོ་རོབ་ཀྱི་ཡུལ་གྲུ་འཇར་མན་དང་། ཨི་ཊ་ལི། སུད་སི་བཅས་ཀྱི་ནང་སྐོར་བསྐྱོད་འགྲེམས་སྟོན་དང་མཉམ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ལ་མཇལ་འཕྲད་གནང་ཡོད་འདུག
2024-05-01
ཁོ་མོ་ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་་ལ་མཇལ་རྒྱུའི་གོ་སྐབས་ཐོབ་པ་དེ། མི་ཚེའི་ནང་བསོད་ནམས་ཆེན་པོ་ཞིག་ཡིན་པའི་སེམས་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།