གསར་འགྱུར་ཡིག་ཚགས།
2024-03-13
བཞུགས་སྒར་རྡ་རམ་ས་ལ་གཙོས་འཛམ་གླིང་གི་ཡུལ་ལུང་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༦༥པ་སྲུང་བརྩི་གནང་སོང་།
2024-03-13
ཨ་མི་རི་ཀས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་སྲུང་སྐྱོབ་གནང་རྒྱུར་རྒྱབ་སྐྱོར་ཡོད་པ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་བསྐྱར་ནན་གནང་འདུག
2024-03-13
སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་གི་ལས་རིམ་ཐོག་ནང་སྲིད་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་ཐོག་སྤྱི་ཡོངས་བགྲོ་གླེང་དང་བཀའ་ཤག་གིས་ལན་འདེབས་གསལ་བཤད་གནང་སོང་།
2024-03-13
རྒྱ་གར་གྱི་སི་ལི་གུ་རིར་གྲོང་ཁྱེར་དུ་Mayfair Tea Resortམགྲོན་ཁང་ནང་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་པ་ཁྲེན་ཧྲུའུ་མི་དང་དོ་བདག་གཉིས་ཐུག་འཕྲད་བྱས་པའི་དངོས་དཔང་ར་འཕྲོད་ཐུབ་པ་མི་འདུག་ཅེས་གསལ་ཡོད་འདུག
2024-03-12
ལྩམ་ནེན་སི་པི་ལོ་སི་མཆོག་གིས་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་དང་བོད་དོན་བདེན་མཐའ་གསལ་རྒྱུར་མུ་མཐུད་དེ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་པ།
2024-03-12
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་གྱི་ཉིན་མོ་འདིར། ཨ་རིའི་གྲོས་ཚོགས་འཐུས་མི་ཡང་ཁེམ་དང་ཇེམ་སི་མེག་གྷ་ཝི་རན་རྣམ་གཉིས་ཀྱིས་ཨ་རིའི་སྤྱི་མཐུན་ཆབ་སྲིད་ཚོགས་པ་དང་དམངས་གཙོ་ཆབ་སྲིད་ཚོགས་པ་གཉིས་མཉམ་འབྲེལ་གྱི་གྲོས་ཆོད་ཀྱི་གྲོས་འཆར་ཞིག་བཏོན་ནས། གསུམ་བཅུ་དུས་དྲན་ཐེངས ༦༥ པར་སྲུང་བརྩི་བྱས་པ་མ་ཟད། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སིན་འབྱིན་དང་སྐྱོན་བརྗོད་བྱས་ཡོད་པ་རེད།
2024-03-12
བོད་ཀྱི་སྒེར་ལངས་གསུམ་བཅུའི་དུས་དྲན་སྐབས་དང་༢༠༠༨ ལོའི་ཕྱི་ཟླ་༣ཚེས་༡༤ཉིན་གྱི་བོད་ཀྱི་ས་བྱི་ཞི་རྒོལ་ཆེན་མོ་བསླེབས་ཉེར་ཡོད་པ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དྲ་ལམ་བཀག་འགོག་བྱས་པ།
2024-03-12
བོད་ཀྱི་བུད་མེད་སྒེར་ལངས་ཀྱི་རྗེས་དྲན་ཉིན་མོར་བོད་རིགས་གང་མང་མཉམ་བཞུགས་གནང་མ་ཐུབ་པ་དེར་དགོངས་པ་བཞེས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
2024-03-11
ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་(Jim McGovern)་ལགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་གང་མྱུར་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱེད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།
2024-03-11
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་༣༠ལྷག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས་རྐྱེན་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་ཀྱང་རྗེས་སུ་གློད་གྲོལ་བཏང་འདུག
2024-03-11
རྒྱ་ནག་གཞུང་གིས་ཉེ་ཆར་པེ་ཅིང་དུ་ཚོགས་པའི་ཚོགས་ཆེན་གཉིས་རིང་དྲྭ་རྒྱའི་བརྒྱུད་ལམ་ཁག་གི་ཐོག་དམ་དྲག་ནན་པོ་བྱས་ཡོད་པ་རེད་འདུག
2024-03-11
ཉེ་སྔོན་ཕྱི་ཟླ་ ༢ཚེས་ ༡༧ ནས་བཟུང་ཁོ་མོར་སྙིང་རླུང་གི་ན་ཚ་བྱུང་བ་སོགས་ཇེ་སྡུག་ཏུ་སོང་སྟེ། འདས་གྲོངས་སུ་ཕྱིན་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
2024-03-10
ང་ཚོ་ཨ་མ་ལས་སྐྱེས་ཙམ་ཉིད་ནས་ཨ་མས་བྱམས་སྐྱོང་གང་དྲག་གནང་དགོས་པ་མ་གཏོགས། ཆོས་ལུགས་དམིགས་བསལ་བ་ཅི་ཡང་མེད་པར་མིའི་ལྷན་སྐྱེས་ཀྱི་ཡོན་ཏན་ཙམ་ལ་བརྟེན་ཡོད་ཅེས་ལམ་སྟོན་བསྩལ་བ།
2024-03-08
གསུམ་བཅུའི་དུས་དྲན་ནི་༡༩༥༩ལོར་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུས་བོད་མི་འབུམ་ཕྲག་ཅིག་ཙམ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བར་འཛམ་གླིང་ས་ཕྱོགས་མང་པོའི་ནང་བོད་མི་ཚོས་དྲན་གསོ་བྱེད་པའི་དུས་ཚིགས་ཤིག་ཡིན་པ་རེད།
2024-03-08
དེ་སྔ་རྒྱ་ནག་གཞུང་གིས་བོད་ནང་སྤྱི་ལོ་༡༩༨༩ལོར་དྲག་པོའི་ཁྲིམས་གཞི་བསྡམས་པའི་ཉིན་མོར་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནང་སོང་།