གསར་འགྱུར་ཡིག་ཚགས།
2021-03-15
རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕེན་གྱིས་བོད་ནང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་ཁ་བྲལ་ལ་ངོ་རྒོལ་སོགས་ལམ་སྟོན་མང་པོ་བྱེད་བཞིན་པས་བོད་ནང་དམ་དྲག་ཤུགས་ཆེར་འགྲོ་བའི་ལམ་ཁ་གཏོད་པ་དང་གཅིག་མཚུངས་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་བྱུང་།
2021-03-15
སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག་རྩིས་ལོ་༢༠༢༡།༢༢ལོའི་སྔོན་རྩིས་ཧིན་སྒོར་ས་ཡ་༢༦༩༩་༠༡འཆར་འབུལ་གནང་སོང་།
2021-03-14
ཕྱི་ཟླ་ ༣ ཚེས་ ༡༣ ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་ཁང་གིས་དྲ་ལམ་བརྒྱུད་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཏེ་དྲག་གནོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་ནན་བརྗོད་བྱས་འདུག
2021-03-13
འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་དང་ཡུ་རོབ་སྤྱི་མཐུན་གྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་ནས་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་ཡོད་འདུག
2021-03-13
རྒྱ་ནག་གི་ཧུ་ཝེ་ཚོང་དོན་ཚན་པ་གཙོས་ཚན་པ་ལྔ་ཙམ་གྱིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་གནོད་ཚབས་བཟོ་གཞིའི་ཁོངས་སུ་མིང་འདོན་གནང་ཡོད་འདུག
2021-03-12
བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་འགྲོ་བ་མིའི་ཐོབ་མེད་པ་དྲན་གསོ་ཞུ་བཞིན་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༢ པ་དེ་འཛམ་གླིང་ས་ཕྱོགས་གང་སར་སྲུང་བརྩི་ཞུས་འདུག
2021-03-12
རྒྱ་ནག་དམར་ཤོག་གཞུང་གིས་ཟླ་བ་གསུམ་པའི་བདེ་འཇགས་སྲུང་སྐྱོབ་དང་བརྟན་ལྷིང་སྲུང་བའི་དམག་འཐབ་འདིར་རྒྱལ་ཁ་ཐོབ་པ་དགོས་ཞེས་གསུམ་བཅུའི་དུས་དྲན་ཉིན་གཞིས་ཀ་རྩེ་གྲོང་ཁྱེར་དང་ནང་ཆུ་གྲོང་ཁྱེར་དུ་མང་ཚོགས་ཁྲོད་འཇིགས་སྐུལ་གྱི་རྣམ་པ་ལྡན་པའི་དམག་སྦྱོང་ངོམ་སྟོན་བྱས་འདུག
2021-03-11
རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་བོད་སོགས་གྲངས་ཉུང་མི་རིགས་ཀྱི་གོམས་གཤིས་རིག་གཞུང་བཅས་སྔར་ལས་ཉམས་དམས་སུ་གཏོང་བར་གོམ་ཁ་ཇེ་མགྱོགས་བཏང་བ་ཡིན་པར་གནད་དོན་དབྱེ་ཞིབ་པས་ངོས་འཛིན་གནང་གིན་འདུག
2021-03-11
རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ཆོས་ལུགས་ཐོག་སྔར་བས་དམ་དྲག་ཆེ་རུ་གཏོང་བཞིན་ཡོད་པའི་སྐོར་གྱི་སྙན་ཐོ་གསར་པ་ཞིག་ནང་གསལ་སྟོན་གནང་འདུག
2021-03-11
ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ Nancy Pelosi མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern དང་གྲོས་ཚོགས་འཐུས་མི་ལྕམ་Alexandria Ocasio Cortez བཅས་གྲོས་ཚོགས་འཐུས་མི་རྣམ་པ་གསུམ་གྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་རེད།
2021-03-10
བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་དུ་རྒྱ་ནག་དམར་ཤོག་གཞུང་གིས་བརྟན་ལྷིང་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་སྒྲུབ་དམ་བཅའི་སྐུལ་སློང་ཚོགས་ཆེན་དང་ཕྱིར་སྐྱོད་ཟེར་བའི་དམག་སྦྱོང་བྱས་འདུག
2021-03-10
རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་ངོ་བོ་གཅེས་སྐྱོང་དགོས་པ་ཨ་མི་རི་ཀའི་གཞུང་འཛིན་གསར་བའི་ངོས་ནས་འབོད་སྐུལ་གནང་གི་འདུག
2021-03-10
བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་ལས་འགུལ་འདྲ་མིན་སྤེལ་ནས་གསུམ་བཅུའི་དུས་དྲན་ཐེངས་༦༢པ་སྲུང་བརྩི་བྱས་འདུག
2021-03-10
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
2021-03-09
རྒྱ་ནག་གཞུང་གིས་བོད་དང་ལྷོ་སོག་པོའི་སློབ་གྲྭ་ཁག་གི་ནང་རྒྱལ་ཁབ་སྤྱི་ཡོངས་ཐུན་མོང་གི་སློབ་དེབ་བེད་སྤྱོད་བཏང་ནས་མི་རིགས་ཀྱི་སྐད་ཡིག་མེད་པར་བཟོ་འཆར་ཡོད་འདུག