བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༢ སྲུང་བརྩི་ཞུས་པ།

བཞུགས་སྒར་རྡ་རམ་ས་ལར་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་སྟེ་ཕྱི་ཟླ་ ༣ ཚེས་ ༡༢ ཉིན། ལོ་ངོ་ ༦༢ སྔོན་བོད་ཀྱི་བེུད་ཚོས་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་དང་བེུད་སྣེ་ཁྲིད་ཀྱི་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བ་དེ་སྲུང་བརྩི་ཞུས་ཡོད་པ་རེད། བོད་ཀྱི་བེུད་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བེུད་ཀྱི་དབུ་ཁྲིད་རྣམ་པར། བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་འགྲོ་བཞིན་པར་དམིགས་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཆེད་དབུ་མའི་ལམ་གྱི་ཐབས་ལམ་གཞིར་བཟུང་རྒྱ་ནག་གཞུང་ཕྱོགས་ནས་གྲོས་མོལ་བྱེད་དགོས་པ། ཀུན་གཟིགས་པན་ཆེན་རིན་པོ་ཆེའི་ཡང་སྲིད་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་རྒྱུར་རྒྱ་ནག་གཞུང་ལ་སྣོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
ཡང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་ཀྱི་བེུད་རྣམས་ནས་མེ་སོར་གྲོང་ཁྱེར་གྱི་ནང་ཞལ་ལ་རས་ནག་པོ་གྱོན་ཞིང་། ངག་བཅད་ཞི་བའི་ཁྲོམ་སྐོར་གྱི་ལམ་ནས་བོད་ཀྱི་བེུད་རང་དབང་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུས་པ་དང་། བོད་ནང་གི་གནས་སྟངས་དང་བེུད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་བྱེད་པའི་དམིགས་ཡུལ་སོགས་ས་གནས་རྒྱ་གར་མང་ཚོགས་ལ་དབྱིན་སྐད་དང་ཀར་ན་ཀྲ་ཡུལ་སྐད་ནང་གསལ་བཤད་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་དང་། ཀ་རྡོར་སྒང་གསུམ་སོགས་བོད་མིའི་གཞིས་ཆགས་ཁག་དང་བོད་མི་གནས་ཡུལ་ཁ་ཐོར་གྱི་ས་གནས་ཚང་མའི་ནང་སྲུང་བརྩི་ཞུས་ཡོད་པ་རེད། ལྷག་པར་དུ་ལ་དྭགས་ཀྱི་རྒྱལ་སླེ་རུ་བེུད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུར་ས་གནས་རྫོང་དཔོན་ནས་ཞི་བའི་གོམས་བགྲོད་ཙམ་ལས་སྐད་འབོད་རྒྱག་རྒྱུའི་ཆོག་མཆན་གནང་མེད་ན་ཡང་། དུས་དྲན་གྱི་ནང་བེུད་མང་པོ་ཞིག་མཉམ་ཞུགས་གནང་ཡོད་པ་ཁོང་ཚོས་བོད་ལ་དྲང་བདེན་དགོས། རྒྱ་ནག་གིས་བོད་མི་གསོད་མཚམས་འཇོག་སོགས་ཀྱི་སྐད་འབོད་ཤུགས་ཆེ་བྱས་འདུག
དེ་མཚུངས་ཨའོསི་ཊརེ་ལི་ཡ་དང་ཡོ་རོབ། ཨ་མི་རི་ཀ་དང་ཁེ་ན་ཌའི་ཁུལ་དུ་ཡང་བེུད་སྒེར་ལངས་ཀྱི་ཉིན་མོ་ཐེངས་ ༦༢ སྲུང་བརྩི་ཞུས་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་ཕོ་བྲང་པོ་ཏཱ་ལའི་མདུན་གྱི་འབྲས་བུ་གཡུལ་ཁའི་ཐང་དུ་གུར་སྟེང་ཀུན་བཟང་ལགས་དང་། དགའ་གླིང་ཤར་ཆོས་ལགས། སྤེལ་གོང་སྤེན་པ་སྒྲོལ་མ་ལགས་ཀྱིས་སྣེ་ཁྲིད་གནང་སྟེ། བེུད་སྟོང་ཚོ་མང་པོས་མ་སྐུལ་དངས་བླངས་ཀྱི་ཐོག་ནས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་ངོ་རྒོལ་སྒེར་ལངས་གནང་པ་དང་རྒྱ་ནག་གི་བྱ་སྤྱོད་ལ་མུ་འཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་དམིགས་ནས་བོད་ཀྱི་བེུད་ལྷན་ཚོགས་ཐོག་མར་བཙུགས་གནང་ཡོད་པ་རེད།
༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༧ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནོར་བུ་གླིང་ཁ་ནས་གསང་སྟབས་བྲོས་བྱོལ་དུ་ཕེབས་ཟིན་པ་རྒྱ་ནག་གི་ཤེས་རྟོགས་བྱུང་རྗེས། བོད་མི་སྟོང་ཚོ་མང་པོ་དམར་བསད་བཏང་པའི་གནས་ཚུལ་བྱུང་ཡོད་ལ། ལྷག་པར་དུ་ཕྱི་ཟླ་ ༣ ཚེས་ ༡༠ མི་དམངས་སྒེར་ལངས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱ་མཁན་དང་། ཚེས་ ༡༢ ཀྱི་བེུད་སྒེར་ལངས་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱ་མཁན་གྱི་འགོ་ཁྲིད་མི་སྣ་ཡོངས་རྫོགས་བཙན་བཟུང་གིས་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་ཚབས་ཆེ་བཏང་ཡོད་པ་རེད།