བོད་མི་ཚོས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་འདུག

2021.03.10
བོད་མི་ཚོས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་འདུག བོད་མི་ཚོས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༠༣།༡༠།༢༠༢༡
བློ་བཟང་། /RFA

བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་གཞོན་ནུ་ཚོགས་པས་སྣེ་ཁྲིད་ནས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
འདི་ཚེས་༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢པར། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་རྒྱབ་སྐྱོར་བ་ཚོས། རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་གྱི་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤེལ་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་རྒོལ་མཆོང་གིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
ལས་འགུལ་ནང་རྒྱ་གར་ཧི་མ་ཅལ་དང་ཨུཏ་ཏིར་ཁན་མངའ་སྡེ་གཙོས་དབུས་དང་ས་གནས་གཞོན་ནུའི་ཚོགས་མི་༥༠མཉམ་ཞུགས་ཀྱིས། རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་གི་ལམ་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ནས་ཅང་མ་འགོར་བར་ལས་འགུལ་བ་རྣམས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ནས། ཅ་ན་ཀེ་པུ་རིའི་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་རྗེས་ཆུ་ཚོད་ཁ་ཤས་རྗེས་གློད་གྲོལ་བཏང་ཡོད་འདུག
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས། བོད་ནང་གི་གཞིས་ལུས་བོད་མིའི་སྙིང་སྟོབས་དང་སེམས་ཤུགས་འབད་བརྩོན་བཅས་ལ་བརྟེན། ད་བར་འདས་བའི་ལོ་ངོ་༦༢རིང་བོད་མི་ཚོས་སེམས་ཤུགས་མ་ཆག་པར་བོད་དོན་འཐབ་རྩོད་བྱས་ཡོད་པ་དང་། མ་འོངས་པར་མུ་མཐུད་དུ་སེམས་ཤུགས་བསྐྱེད་ནས་བོད་དོན་ལས་འགུལ་སྤེལ་རྒྱུ་ཡིན་པ་གསུངས་བྱུང་།

བསྟན་འཛིན་བརྩོན་འགྲུས.jpg
ཉིན་དེར་ཡང་རྩོམ་པ་པོ་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་ལྡི་ལི་ཇན་ཏར་མན་ཏར་བར་རྒྱང་ཐག་སྤྱི་ལེ་༥༥༠ཙམ་གྱི་བོད་དོན་གོམ་བགྲོད་ལས་འགུལ་ཡང་ལྡི་ལི་ནས་མཇུག་སྒྲིལ་ཡོད་པ་དང་། ཁོང་གིས་རྒྱ་གར་གྱི་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་ལེན་མེད་ཅེས་པའི་ས་རྟགས་བསྡུ་རུབ་བྱས་པའི་ཡིག་ཆ་ཁག་རྒྱ་གར་གྱི་སྲིད་བློན་མཆོག་ལ་ཕུལ་གནང་རྒྱུ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎