གསར་འགྱུར་ཡིག་ཚགས།
2023-11-16
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་(Karel Schwarzenberg)་མཆོག་ཉེ་ཆར་དགོངས་པ་རྫོགས་པར་ཁོང་གི་ནང་མིར་ཐུགས་གསོའི་འཚམས་འཕྲིན་མཛད་འདུག
2023-11-16
འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཏེ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། སྲིད་འཛིན་འཇོ་བྷའེ་ཊན་གྱིས། རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་ཡོད་པའི་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་བརྗོད་འདུག
2023-11-15
ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་མཇལ་འཕྲད་གནང་བཞིན་པ་དང་བསྟུན་བོད་མི་དང་ཡུ་གུར་བ་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཚོགས་སྡེ་ཁག་མང་པོས་ངོ་རྒོལ་བྱས་འདུག
2023-11-15
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རིང་མིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྤྱིའི་དགེ་འདུན་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གཏན་འཁེལ་འདུག
2023-11-15
རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཙོན་འོག་ཏུ་ཚུད་པའི་རྩོམ་པ་པོ་བཞི་འཕྲལ་དུ་གློད་གྲོལ་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་ལས་འགུལ་སྤེལ་དགོས་བའི་དགོས་འདུན་བཏོན་པའི་ནང་བོད་ཀྱི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་འདུག
2023-11-15
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་ནང་འབྱོར་སྐབས་བོད་མི་དང་ཡུ་གུར་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་ཚོགས་སྡེ་ཁག་མང་པོས་ངོ་རྒོལ་བྱས་འདུག
2023-11-15
ཆུ་བཞིའི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་སྐོར་གྱི་རྒྱལ་སྤྱིའི་རང་བཞིན་གྱི་དངོས་བྱུང་གློག་བརྙན་ཞིག་འཁྲབ་ཁྲིད་ཟིན་ཏེ་འགྲེམས་སྤེལ་གནང་གཏན་འཁེལ་བ།
2023-11-14
རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དགོངས་འགྲེལ་བགྲོ་གླེང་ཟེར་བ་སོགས་ནི་ཆོས་ལུགས་དེ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
2023-11-14
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་མོན་ལྷ་རྒྱལ་རིན་པོ་ཆེ་ཡི་ཆོས་ཞུགས་མཛད་སྒོ་དང་ཨ་རུ་ན་ཅལ་ནང་པའི་སློབ་ཕྲུག་བདེ་དོན་ལྷན་ཚོགས་ཀྱི་ཚོགས་འདུ་དབུ་འབྱེད་ཆེད་མོན་གྷོ་འདོད་རྒུ་གླིང་དུ་ཕེབས་འདུག
2023-11-14
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨོསི་ཊརེ་ལི་ཡ་དང་ནིའུ་ཛི་ལེན་ཌའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཐོག་མ་དེ་གནང་བཞིན་འདུག
2023-11-13
ཨ་མི་རི་ཀའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ལ་དམག་དོན་གྱི་འབྲེལ་ལམ་སླར་གསོ་གནང་རྒྱུ་ནན་སྐུལ་གནང་རྒྱུ་ཡིན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་གནང་རྒྱུའི་ཚོད་དཔག་གནང་གི་ཡོད་པ་ཨ་རིའི་གཞུང་འབྲེལ་དཔོན་རིགས་མཐོ་གྲས་ཞིག་གིས་བརྗོད་འདུག
2023-11-13
བོད་དོན་འཐབ་རྩོད་དེ་ག་དུས་ཡིན་ན་བདེན་པ་དང་འཚེ་བ་མེད་པར་གཞི་བཅོལ་དགོས་པ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡིས་དང་བླངས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཚོགས་ཞུགས་པ་ཚོར་ལམ་སྟོན་གནང་སོང་།
2023-11-13
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ནས་བཀའ་ཤག་གི་ལས་བསྡོམས་སྙིང་བསྡུས་དང་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ལས་བསྡོམས་སོགས་སྙན་སེང་ཞུས་འདུག
2023-11-13
འདི་ཚེས་༡༢ཉིན་Wang Junzhengབལ་ཡུལ་གྱི་གྷངྣ་གྲིཀི་(Gandaki)ས་ཁུལ་གྱི་སྤྱི་ཁྱབ་བློན་ཆེན་Surendra Pandeyལགས་དང་ཐུགས་འཕྲད་ཀྱིས། ཁུལ་དེའི་གྲོང་ཁྱེར་Pokhara ནང་དུ་འཛུགས་སྐྲུན་ཡར་རྒྱས་དང་། རྒྱུད་གཅིག་ལམ་གཅིག་གི་ལས་གཞི་སོགས་ཀྱི་ཐོག་གོ་བསྡུར་གནང་འདུག
2023-11-11
ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་དབར་མཇལ་མོལ་གནང་འཆར་ཡོད་པ་དང་བསྟུན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནས་བོད་མི་ཕོན་ཆེ་ཨ་རིའི་རྒྱལ་སའི་མངའ་ཁུལ་དུ་ཕེབས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སོང་།