གསར་འགྱུར་ཡིག་ཚགས།
2021-10-09
བདམས་ཐོན་ཚོགས་གཙོ་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་ཚོགས་གཞོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ནས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་མདུན་དུ་ལས་འཁུར་དམ་འབུལ་ཞུས་གནང་བ།
2021-10-09
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་གིས་ཐེ་ཝན་ཞི་བའི་ལམ་ནས་ཟླ་བསྒྲིལ་གཅིག་བསྒྱུར་གཏོང་རྒྱུའི་དམིགས་ཡུལ་འགྲུབ་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་ཡོད་ནའང་།ཐེངས་འདིའི་གཏམ་བཤད་ནང་དེ་སྔོན་ལྟར་དྲག་ཤུགས་བེད་སྤྱོད་བྱ་རྒྱུའི་སྐོར་ཐད་ཀར་སྡིག་ར་བསྐུལ་མེད་པའི་གནས་ཚུལ་འདུག
2021-10-08
ཨ་རིའི་དམིགས་བསལ་དཔུང་དམག་གིས་ཐེ་ཝན་གྱི་དམག་མི་ལ་ཟླ་བ་མང་པོའི་རིང་ཁ་ཁུ་སིམ་པོའི་ངང་་དམག་སྦྱོང་སྤྲོད་བཞིན་ཡོད་པ་དེ་ནི་ཐེ་ཝན་ལ་རྒྱ་ནག་གིས་ཉེན་་བརྡ་གཏོང་བཞིན་པའི་རྐྱེན་ཡིན་སྐོར་བརྗོད་འདུག
2021-10-08
སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་སུ་འོས་གྲངས་༢༣ ཐོབ་སྟེ་སྐབས་བཅུ་བདུན་པའི་སྤྱི་འཐུས་ཚོགས་གཙོར་འོས་འདེམས་བྱུང་བ་།
2021-10-07
སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་དགོངས་དོན་ལྟར་ལས་འཁུར་དམ་འབུལ་དང་ཚོགས་གཙོ་གཞོན་འདེམས་གཏན་འཁེལ་འདུག
2021-10-07
ངའི་ཆོས་སྤུན་བགྲེས་པ་ཁྱེད་ད་དུང་ཡང་སྐུ་ཚེ་རིང་དུ་འཚོ་ཞུགས་དགོས་ཤིང་ང་ཚོར་འཛམ་གླིང་ནང་ཁྱེད་ཀྱི་དཔེ་མཚོན་བཟང་པོ་དེ་དགོས་ངེས་ཡིན་ཞེས་༧གོང་ས་མཆོག་གིས་ཆོས་དཔོན་ཊུ་ཊུ་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་གནང་འདུག
2021-10-07
རྒྱ་ནག་གིས་ཐེ་ཝན་ལ་ཕྱོགས་འདྲ་མིན་ནས་འཇིགས་སྐུལ་བྱེད་བཞིན་པའི་སྐབས་ཐེ་ཝན་གྱིས་མངའ་ཁུལ་ཞི་བདེ་བརྟན་ལྷིང་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་འདུག
2021-10-07
བོད་དོན་བདེན་མཐའ་མ་གསལ་བར་དུ་ནུས་པ་དང་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་དགོས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་བཙུགས་ནས་ལོ་ངོ་༥༠་འཁོར་བའི་དུས་སྟོན་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུངས་སོང་།
2021-10-07
༸གོང་ས་མཆོག་ནས་སྩལ་བའི་ལམ་སྟོན་བཀའ་ཡིག་གི་དོན་ཚན་དང་པོ་སྟེ། སྐབས་༡༧པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁོངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།
2021-10-06
སུད་སིར་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་དང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་འབྲེལ་ལས་དོན་འགན་འཛིན་གཉིས་མཇལ་མོལ་སྐབས་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱིས་ངོ་རྒོལ་བྱས་འདུག
2021-10-06
རྒྱ་ནག་གཞུང་གིས་ཆེ་དགྲ་ལྷ་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འགོ་ཁྲིད་ཁོངས་སུ་བསྐོ་གཞག་བྱ་འཆར་ཡོད་ཀྱང་སྲིད་ཇུས་གཏན་འབེབས་དང་ཐག་གཅོད་ཀྱི་དབང་ཆ་སྤྲོད་མི་སྲིད་པ་ཉམས་ཞིབ་པས་གསུངས་བྱུང་།
2021-10-06
བོད་མི་མང་བདམས་ཐོན་སྤྱི་འཐུས་རྣམ་པས་གསོལ་འདེབས་ཞུས་དོན་ལྟར་༧གོང་ས་མཆོག་གིས་ཕྱི་ཚེས་༦་ཉིན་བཀའ་ལན་བསྩལ་པར་བརྟེན་སྤྱི་ཚེས་༧་ཉིན་བདམས་ཐོན་སྤྱི་འཐུས་རྣམ་པ་ཡང་བསྐྱར་ལྷན་འཛོམས་གནང་འཆར་འདུག
2021-10-06
རྒྱ་ནག་གཞུང་གི་ཆོས་ལུགས་སྲོལ་ཡིག་བསྐྱར་བཅོས་ཡིག་ཆའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་སྲིད་གཞུང་གི་ཆོག་མཆན་དགོས་སྐོར་བཀོད་འདུག་པ་དེ་ནི་དོན་དངོས་ཐོག་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་ཆོས་ལུགས་དད་མོས་རང་དབང་ཟེར་བ་དེ་རྫུན་མ་ཆགས་ཡོད་པ་འབྲེལ་ཡོད་ཉམས་ཞིབ་པས་བརྗོད་བྱུང་།
2021-10-05
རྒྱལ་སྤྱིའི་ཁྲིམས་དང་མི་རིགས་རང་དབང་གི་ཁྲིམས་ཀྱི་གནད་དོན་ཐད་ཀྱི་མཁས་པ་བོད་དོན་རྒྱབ་སྐྱོར་བ་དང་སྐུ་ཞབས་མེ་ཀལ་ཝན་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་སྐོར་བསྐྱོད་གནང་བཞིན་འདུག
2021-10-05
རྒྱ་ནག་གིས་ཐེ་ཝན་གྱི་དམངས་གཙོ་དང་འཚོ་གནས་ལ་ཉེན་ཁ་བཟོས་ཚེ་སྲུང་སྐྱོབ་ཆེད་ཡོད་ཚད་བློས་གཏོང་བྱེད་ཀྱི་ཡིན་པ་ཐེ་ཝན་སྲིད་འཛིན་གྱིས་ཆེད་རྩོམ་སྤེལ་འདུག