ཐེ་ཝན་གྱིས་མངའ་ཁུལ་ཞི་བདེ་བརྟན་ལྷིང་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་འདུག

2021.10.07
ཐེ་ཝན་གྱིས་མངའ་ཁུལ་ཞི་བདེ་བརྟན་ལྷིང་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་འདུག ཧྥ་རན་སུའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཐེ་ཝན་ནང་གཞུང་འབྲེལ་གཟིགས་སྐོར་སྐབས། ༡༠།༧།༢༡
@MOFA_Taiwan

རྒྱ་ནག་གིས་ཐེ་ཝན་ལ་ཕྱོགས་འདྲ་མིན་ནས་འཇིགས་སྐུལ་བྱེད་བཞིན་པའི་སྐབས་ཐེ་ཝན་གྱིས་མངའ་ཁུལ་ཞི་བདེ་བརྟན་ལྷིང་ཆེད་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་འཚོལ་ཐབས་བྱེད་ཀྱི་འདུག
ཐེ་ཝན་གྱི་ངོས་ནས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་དང་མཉམ་ལས་གནང་ནས་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐོག་ལས་དོན་སྤེལ་རྒྱུ་ཡིན་པ་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-wen)་གྱིས་དེང་སྐབས་ཐེ་ཝན་དུ་ཕེབས་ཡོད་པའི་ཧྥ་རན་སི་དང་ཨོསི་ཊརེ་ལི་ཡའི་དཔོན་རིགས་རྣམས་ལ་གསུང་ཡོད་པ་དང་། ད་ཐེངས་ཐེ་ཝན་ནང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བཞི་དང་ཨོསི་ཊརེ་ལི་ཡའི་སྲིད་བློན་ཟུར་པ་(Tony Abbott)་ལགས་བཅས་ཀྱིས་ཉིན་བཞིར་རྒྱལ་དོན་འཚམས་གཟིགས་གནང་བ་དེ་ནི། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲུང་སྐྱོབ་ས་ཁུལ་དུ་མཁའ་དམག་གི་གནམ་གྲུ་བཏང་ནས་ད་བར་བྱུང་མྱོང་མེད་པའི་བསུན་གཙེར་དང་འཇིགས་སྐུལ་བྱེད་བཞིན་པའི་དུས་སྐབས་དང་འཁེལ་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་གྱིས་སྲིད་འཛིན་གྱི་ཕོ་བྲང་དུ་ཧྥ་རན་སིའི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་(Alain Richard)་ཡིས་སྣེ་ཁྲིད་པའི་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པར་ཧྥ་རན་སིའི་ངོས་ནས་ཐེ་ཝན་གྱི་མཚོ་ཁའི་གནས་སྟངས་ཐོག་བློ་ཚབས་གྱི་རྣམ་འགྱུར་དང་ཐེ་ཝན་རྒྱལ་སྤྱིའི་ལས་དོན་ཁག་གི་ནང་མཉམ་ཞུགས་གནང་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་རེད་འདུག
དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་མཆོག་གིས་ཨོསི་ཊརེ་ལི་ཡའི་སྲིད་བློན་ཟུར་པ་(Tony Abbott)་ལགས་དང་མཇལ་མོལ་གནང་སྐབས་ཀྱང་བཀའ་མོལ་དེ་ལྟར་གནང་ཡོད་པ་རེད་འདུག
ཉེ་སྔོན་ཕྱི་ཟླ་གསུམ་པའི་ནང་ཧྥ་རན་སིའི་རྒྱལ་ས་པེ་རི་སུའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ཐེ་ཝན་ལ་བསྐྱོད་རྒྱུར་ཉེན་བརྡ་བཏང་བར་ཧྥ་རན་སིའི་ཕྱི་སྲིད་ལྷན་ཁང་གིས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་འཛམ་གླིང་གི་རྒྱལ་ཁབ་གང་དུ་བསྐྱོད་ཀྱང་རང་དབང་ཡོད་པ་ལན་འདེབས་གནང་ཡོད་པ་རེད་འདུག
གཞན་ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་མཇལ་འཕྲད་ཀྱི་མཛད་འཆར་དེར་དོ་སྣང་ཤུགས་ཆེ་གནང་གི་ཡོད་པའི་སྐོར་གསུང་འདུག

གསར་འགོད་པ། ལྷུན་གྲུབ་ཚེ་རིང་།
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎